ལོན་ཏོན་གྱི་ཟིང་འཁྲུག་གྲོང་ཁྱེར་མང་པོར་མཆེད་པ།

ཕྱུག་ལོ།        2011-08-12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཚེས6ཉིན་གྱི་དགོང་མོར་ལོན་ཏོན་གྱི་ཟིང་འཁྲུག་མུ་མཐུད་རྒྱ་ཇེ་ཆེར་སོང་སྟེ། གྲོང་ཁྱེར་དེའི་ས་ཆ་མང་པོ་ནས་བསྟུད་མར་དྲག་ཤུགས་དོན་རྐྱེན་བྱུང་བར་མ་ཟད། ཟིང་འཁྲུག་དེ་པོ་མེན་ཧན་དང་པུའུ་ལེ་སི་ཐོར། ནོ་ཏེན་ཧན། ལེ་ཝུའུ་ཕུའུ་བཅས་ལ་མཆེད། «ཆན་ཅང་དགོང་དྲོའི་ཚགས་པར»གྱི་གསར་འགོད་པས་དབྱིན་ཇི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་ཁང་ལ་ཁ་པར་བཏང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཞུང་ཚབ་ཁང་གིས་དོན་རྐྱེན་ད་དུང་བདེ་ལ་བབས་མེད་པ་དང་། ཀྲུང་གོའི་སྤྱི་དམངས་ལ་གནོད་པ་ཐེབས་མེད་ཅེས་བཤད་ཟེར། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་གསུམ་རིང་གི་ཟིང་འཁྲུག་ཁྲོད་དུ་ལོན་ཏོན་ན་ཡོད་པའི་ཀྲུང་གོ་བས་ཚོང་གཉེར་བྱས་པའི་ཚོང་ཁང་དང་ཟ་ཁང་ལ་གནོད་པ་ཐེབས་མེད་ཟེར།

དབྱིན་ཇི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་དབྱིན་ཇི་ན་ཡོད་པའི་ཀྲུང་གོའི་སྤུན་ཟླས་བདེ་འཇགས་ལ་མཉམ་བཞག་སྟེ་དོན་རྐྱེན་བྱུང་སར་འགྲོ་མི་ཉན་པ་དང་། མཚན་མོར་སྲང་ལམ་དུ་འགྲོ་མི་ཉན་པའི་གསལ་བརྡ་བཏང་།

  • ལེ་ཚན་སྔོན་མ།:ཧན་གོ་དང་ཁྲའོ་ཞན་གྱིས་ཕན་ཚུན་ལ་སྒྱོགས་མདེལ་འཕངས་པ།
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པས་འཛམ་གླིང་ཡོངས་ཀྱིས་སོ་མ་ལེ་ལ་མི་ཆོས་རིང་ལུགས་ཀྱི་རོག
  • དོ་སྣང་ཆེ་བའི་རྩོམ།