མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པས་འཛམ་གླིང་ཡོངས་ཀྱིས་སོ་མ་ལེ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་བ།

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-08-15

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་འཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མོ་སི་ཡིས་ཚེས་བཅུ་བཞི་ཉིན་ནེ་རོ་པེ་ནས་གསལ་བསྒྲགས་སྤེལ་ཏེ། འདས་པའི་ཉིན་གསུམ་གྱི་ནང་དུ་སོ་མ་ལེ་དང་ཁེན་ཉི་ཡའི་ཐན་སྐྱོན་གྱི་གནོད་འཚེ་ཐེབས་པའི་ས་ཁུལ་ཁ་ཤས་ནས་རྩད་གཅོད་བྱས་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་ས་ཁུལ་དང་ལྷག་པར་དུ་སོ་མ་ལེ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་ཤེས་ཞེས་བཤད།
ཨ་མོ་སི་ཡིས་ཉིན་དེའི་སྔ་མོར་ཁེན་ཉི་ཡ་དང་སོ་མ་ལེའི་མཐའ་མཚམས་ཀྱི་ཡུལ་གྱར་བའི་སྒར་ས་ཏ་ཏ་པུའུ་ལ་སོང་ནས་གཟིགས་བཤེར་བྱས། ཁོ་མོས་བཤད་རྒྱུར། ཉིན་འགའི་ནང་དུ་ཡུལ་གྱར་བའི་སྒར་སར་གསར་དུ་ཡོང་བའི་ཡུལ་གྱར་བའི་གྲངས་ཀ་ཅུང་ཇེ་ཉུང་དུ་སོང་ནའང་། ད་ལྟ་ཡུལ་གྱར་བའི་སྒར་ས་རུ་བྱིས་པས་མང་ཆེ་ཤོས་ཟིན་ཡོད་པར་མ་ཟད། བྱིས་པ་མང་ཆེ་ཤོས་ལ་འཚོ་བཅུད་ཀྱིས་འདང་གིན་མེད་ཟེར། ཨ་མོ་སི་ཡིས་བཤད་རྒྱུར། ཟླ་གཉིས་ཀྱི་རིང་ལ་སོ་མ་ལེའི་ཡུལ་གྱར་བ་ཁྲི་བདུན་ཙམ་ཡུལ་གྱར་བའི་སྒར་ས་ཏ་ཏ་པུའུ་ལ་བྲོས་བྱོལ་དུ་ཐོན་པ་དང་། གནོད་འཚེ་འདིའི་ཁྲོད་དུ་མི་གཅིག་གིས་ཀྱང་སྡུག་བསྔལ་མྱོང་མི་འོས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་མ་ལེའི་མི་དམངས་ལ་རོགས་རམ་སྔར་ལས་མང་པོ་བྱེད་དགོས་ཟེར།
  • ལེ་ཚན་སྔོན་མ།:ལོན་ཏོན་གྱི་ཟིང་འཁྲུག་གྲོང་ཁྱེར་མང་པོར་མཆེད་པ།
  • ལེ་ཚན་རྗེས་མ།:བོད་ཡིག་གི་ལག་ཁྱེར་ཁ་པར་མི་འགྱང་བར་ཚོང་རར་ཐོན་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།