ཨ་མེ་རི་ཁའི་ཙུང་ཐུང་གིས་ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་གྱི་ལས་འགན་མུ་མཐུད་དུ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཞེས་བཤད་པ།

ཕྱུག་ལོ།    ཞིན་ཧྭ་གསར་འགྱུར་དྲ་བ།    2011-08-10

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གི་གྱེན་འཕུར་གནམ་གྲུ་ཐང་ལ་ལྷུང་བའི་དོན་རྐྱེན་དེས་ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་ནས་ལས་འགན་ཡོངས་འགྲུབ་བྱེད་པའི་ཆོད་སེམས་ཉམས་སུ་འཇུག་མི་སྲིད་ཟེར།
  ཨོ་པ་མ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་གྱི་དཀའ་ཚེགས་ཆེ་བའི་བྱ་བ་དེ་མུ་མཐུད་དུ་སྒྲུབ་སྟེ། ཨ་ཧྥུའུ་ཧན་ལ་སྔར་ལས་སྟོབས་དང་ལྡན་པའི་སྲིད་གཞུང་ཞིག་འཛུགས་རོགས་བྱེད་རྒྱུ་ཡིན་པར་མ་ཟད། ཨ་ཧྥུའུ་ཧན་འཇིགས་སྐུལ་རིང་ལུགས་བསྐུངས་ས་རུ་མི་འགྱུར་བར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།
   ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཏེ་ཧྥུའུ་ལ་ཕན་གྱིས་ཉིན་དེར་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། གནམ་གྲུ་ཐང་ལ་ལྷུང་བའི་དོན་རྐྱེན་དེས་ཨ་ཧྥུའུ་ཧན་གྱི་དམག་འཁྲུག་དང་གནས་བབ་ལ་འགྱུར་ལྡོག་འབྱུང་དུ་འཇུག་མི་ཐུབ་ཟེར།
  ས་དེའི་ཚེས་ལྔ་ཉིན་གྱི་དགོང་མོར། ཨ་ཧྥུའུ་ཧན་རྒྱལ་ཁབ་ཀྱི་བདེ་སྲུང་དམག་དཔུང་དང་ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་དམག་དཔུང་གིས་ཝར་ཏ་ཁི་ཞིང་ཆེན་གྱི་སད་དབྱི་ཏི་ཨ་པ་ཏི་ས་ཁུལ་ནས་ཐ་ལེ་པན་ཚར་གཅོད་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། ཆི་ནུའུ་ཁི་རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་ས་དེ་ནས་ཐང་ལ་ལྷུང་སྟེ། ཨ་མེ་རི་ཁའི་དམག་མི་སུམ་ཅུ་དང་བཅས་པའི་མི་སོ་བརྒྱད་རྐྱེན་ལམ་དུ་ཤོར། ཨ་ཧྥུའུ་ཧན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་ཐ་ལེ་པན་གྱིས་དོན་རྐྱེན་དེ་བཟོས་པ་ཁས་བླངས་ཟེར།
  • ལེ་ཚན་སྔོན་མ།:ཁྲའོ་ཞན་དམག་ཕྱོགས་ཀྱིས་འཕྲིན་ཡིག་སྤེལ་ནས་ཨ་མེ་རི་ཁ་དང་ཧན་གོས་མཉམ་འབྲེལ་དམག་སྦྱོང་མི་བྱེད་རྒྱུའི་རེ་བ
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་མ་ལེའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་ཉེན་བརྡ་བཏ
  • དོ་སྣང་ཆེ་བའི་རྩོམ།