ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་ལས་ཨུ་རུ་སི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཁྲོད་ཞུགས་པའི་གནད་དོན་སྐོར་གྲོས་མོལ་བྱས་པ།

ཕྱུག་ལོ།    ཞིན་ཧྭ་གསར་འགྱུར་དྲ་བ།    2011-08-04

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་མེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཨུ་རུ་སི་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པའི་གྲོས་མོལ་གྱི་བརྒྱུད་རིམ་དང་འབྲེལ་བའི་གནད་དོན་སྐོར་ནས་གྲོས་སྡུར་ཞིབ་མོ་བྱས་ཟེར།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཁང་གིས་བཤད་རྒྱུར། ཐེངས་འདིའི་ཁ་པར་གྲོས་མོལ་ནི་མེ་ཏི་ཝེ་ཅེ་ཧྥུའུ་དང་ཨོ་པ་མ་ཡིས་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ཁ་པར་ལས་དུས་བཅད་བྱས་པ་ལྟར་བྱས་པ་ཡིན་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབད་བརྩོན་འོག་ཨུ་རུ་སི་ཕྱོགས་ཀྱིས་དོན་དངོས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པར་འདོད་པ་དང་མཉམ་དུ། ད་ལོའི་ལོ་མཇུག་གི་སྔོན་ལ་འབྲེལ་ཡོད་གྲོས་མོལ་བྱ་བ་ཡོད་ཚད་ལེགས་འགྲུབ་འབྱུང་དུ་འཇུག་རྒྱུའི་ཚུལ་བསྟན་ཟེར།

གསར་འགྱུར་ཁང་གིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་དུང་རྗེས་ཕྱོགས་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་ཇི་ལྟར་མཐུན་སྦྱོར་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཨུ་རུ་སིས་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་དཔྱ་ཁྲལ་དང་ཉོ་ཚོང་སྤྱིའི་ཆོད་དོན་དུ་ཞུགས་པར་དངོས་སུ་རེ་ཞུ་བྱས་པར་མ་ཟད། གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར་དངོས་སུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པར་གྲོས་མོལ་བྱེད་འགོ་བརྩམས། ཨུ་རུ་སིས་ད་ལོའི་ལོ་མཇུག་གི་སྔོན་ལ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་རྒྱུའི་རེ་བ་བཅངས་ཡོད་ལ། ཨུ་རུ་སི་སྲིད་གཞུང་གིས་དེ་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ཡོད།

  • ལེ་ཚན་སྔོན་མ།:ཧན་གོ་སྲིད་གཞུང་གིས་ཁྲའོ་ཞན་ལ་ཧན་གོའི་སྒོར་མོ་དུང་ཕྱུར་ལྔ་བཅུའི་རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་བྱེད་
  • ལེ་ཚན་རྗེས་མ།:ཁྲའོ་ཞན་དམག་ཕྱོགས་ཀྱིས་འཕྲིན་ཡིག་སྤེལ་ནས་ཨ་མེ་རི་ཁ་དང་ཧན་གོས་མཉམ་འབྲེལ་དམག་སྦྱོང་མི་བྱེད་རྒྱུའི་རེ་བ
  • དོ་སྣང་ཆེ་བའི་རྩོམ།