མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སོ་མ་ལིའི་ས་ཁོངས་ཡོངས་སུ་མུག་སྐྱོན་ཁྱབ་ཉེན་ཡོད་ཅེས་བཤད་པ།
ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས། 2011-08-03
ཉེ་ཆར།མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལ་ཤིས་ཏེ·ཧ་ལི་ཁོ་ཕུའུ་ཡིས་རི་ནེ་ཝར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་ཐོག་ཏུ་རོགས་སྐྱོར་མ་བྱས་ན་སོ་མ་ལིར་ཐན་སྐྱོན་ལས་བྱུང་བའི་མུག་སྐྱོན་དེ་རྒྱལ་ཡོངས་སུ་ཁྱབ་ཉེན་ཡོད་ཅེས་བཤད་པ་རེད། ཧ་ལི་ཁོ་ཕུའུ་ཡིས་མིག་སྔར་སོ་མ་ལི་དང་།ཨེ་ཙེ་ཨི་ཕི་ཡ།ཁེན་ནི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཐན་སྐྱོན་སྔར་བཞིན་མུ་མུ་མཐུད་ཚབས་ཆེ་རུ་འགྲོ་བཞིན་ཡོད།ཚེས15ཉིན་ནས་ད་བར་ས་ཁུལ་དེའི་གེགས་བར་བྱུང་བའི་མི་གྲངས་ཁྲི་160མང་དུ་ཕྱིན་ནས་གེགས་བར་བྱུང་བའི་མི་གྲངས་ཁྱོན་བསྡོམས་ཁྲི1240ལོན་པ་དེ་དག་ལ་བཟའ་བཅའ་དང་སྨན་བཅོས་ཀྱི་རོགས་སྐྱོར་བྱ་རྒྱུའི་དགོས་མཁོ་ཆེན་པོ་ཡོད་ཅེས་བཤད་པ་རེད།
ཧ་ལི་ཁོ་ཕུའུ་ཡིས་ཚེས20ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་མ་ལིའི་ལྷོ་ཕྱོགས་ཀྱི་པ་ཁོ་ལེ་ཀྲོའུ་དང་ཞ་ཞེ་པེ་ལི་ཀྲོའུ་ནི་མུག་སྐྱོན་གྱི་གནས་སུ་གྱར་ནས་མི་ཁྲི་370ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་ཅེས་བཤད་པ་རེད།
ཧ་ལི་ཁོ་ཕུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཨ་ཧྥེ་རི་ཁ་ཟུར་མའི་”ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུའི་འགྲོ་གྲོན་ཨ་སྒོར་དུང་ཕྱུར24.8ཡིན་ཡང་མིག་སྔར་ཨ་སྒོར་དུང་ཕྱུར་10ལས་གནས་འབྱོར་ཐུབ་མེད།གེགས་སྐྱོན་ཀྱི་མ་དངུལ་ཧ་ཅང་དཀོན་པའི་རྐྱེན་གྱིས་གེགས་བར་བྱུང་བའི་མི་སེར་ཚོར་རྒྱལ་སྤྱིའི་སྤྱི་ཚོགས་དང་རོགས་སྐྱོབ་སྒྲིག་གཞི་ནས་བཟའ་ཆས་འདང་ངེས་རག་ཐབས་བྲལ་ཡོད།གེགས་པར་བྱུང་བའི་མི་སེར་འབོར་ཆེན་ཞིག་གཅིག་མཚུངས་ངང་ཐན་སྐྱོན་གྱི་གནོད་འཚེ་ཕོག་པའི་ཁྱིམ་མཚེས་རྒྱལ་ཁབ་ཁེན་ནི་ཡ་དང་ཨེ་ཙི་ཨི་ཕི་ཡར་མུག་བྲོས་སུ་སོང་བ་དང་མི་མི་ཉུང་བ་ཞིག་མུག་བྲོས་ཀྱི་ལམ་བར་དུ་རྐྱེན་ལམ་དུ་ཤོར་ཡོད་ཅེས་ནན་བཤད་བྱས་པ་རེད།
ན་ནིང་ནས་བཟུང་ཨེ་ཙི་ཨི་ཕི་ཡ་དང་།ཁེན་ནི་ཡ།སོ་མ་ལི།སུའུ་ཏན།ཝུ་ཀན་ཏ་སོགས་ཚུད་པའི་“ཨ་ཧྥེ་རི་ཁའི་ཟུར་མ”ཞེས་བརྗོད་ཚུལ་ཡོད་པའི་ཨ་ཧྥེ་རི་ཁའི་བྱང་ཤར་རྒྱུད་ཀྱི་ས་ཁུལ་ལ་ལོ60ནང་མཐོང་དཀོན་པའི་ཐན་སྐྱོན་ཚབས་ཆེན་ཕོག་པ་དང་ཐན་སྐྱོན་ལས་སོ་མ་ལིར་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་རེད།