ལེ་པ་ནོན་དང་དབྱི་སི་རལ་གྱི་དམག་དཔུང་གིས་མཐའ་མཚམས་ནས་འཐབ་འཁྲུག་བརྒྱབ་པ།

        2011-08-02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནོན་གྱི་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཟླ8པའི་ཚེས1ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་པ་ལྟར་ན། ལེ་པ་ནོན་དང་དབྱི་སི་རལ་གྱི་དམག་དཔུང་གི་དམག་མིས་ཉིན་དེའི་སྔ་མོར་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་ནས་འཐབ་འཁྲུག་བརྒྱབ་པ་དང་། སྟབས་ལེགས་པ་ཞིག་ལ་མི་ལ་ཤི་རྨས་མ་བཟོས་ཟེར།

མི་དེས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མི6ལེ་པ་ནོན་ལྷོ་ཕྱོགས་ཀྱི་ཝ་ཀྲ་ཉི་ས་ཁུལ་ནས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་རྟགས་བརྒལ་ཏེ་ལེ་པ་ནོན་གྱི་ཕྱོགས་སུ་འབུད་སྐབས། ལེ་པ་ནོན་གྱི་དམག་མིས་དེ་ཚོར་མེ་མདས་བརྒྱབ་པ་དང་། ཕྱོགས་གཉིས་ཀྱིས་འཐབ་འཁྲུག་བརྒྱབ་ཟེར། དབྱི་སི་རལ་ཕྱོགས་ཀྱིས་བཤད་པ་ལྟར་ན། ཁོ་ཚོ་ས་མཚམས་ཀྱི་རྟགས་ལས་བརྒལ་མེད་ཟེར།

དེའི་རྗེས་སུ་ལེ་པ་ནོན་གྱི་དམག་དཔུང་གིས་དོན་རྐྱེན་བྱུང་སར་དམག་མི་ཁ་སྣོན་བྱས་པ་དང་། ས་རྟགས་ཀྱི་ཉེ་འདབས་སུ་བདེ་སྲུང་ལས་འགན་ལག་བསྟར་བྱེད་པའི་ལེ་པ་ནོན་ལྷོ་ཕྱོགས་སུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་གནས་སྐབས་དམག་དཔུང་གིས་ཀྱང་ས་དེ་ནས་སྐོར་གཡེང་བྱེད་ཐེངས་ཇེ་མང་ལ་བཏང་། འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན་ད་ལྟ་ལེ་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་ཀྱི་གནས་བབ་ཡང་བསྐྱར་བདེ་ལ་བབས་ཡོད་ཟེར། ན་ནིང་གི་ཟླ8པའི་ཟླ་འགོར། ཕྱོགས་གཉིས་བར་དུ་དེ་ལྟ་བུའི་འཐབ་འཁྲུག་བྱུང་སྟེ། ལེ་པ་ནོན་གྱི་མི4དང་དབྱི་སི་རལ་གྱི་དམག་དཔོན1རྐྱེན་ལམ་དུ་ཤོར། །

 
  • ལེ་ཚན་སྔོན་མ།:ཐུ་ནི་ཞི་ཡཱ་དང་ལི་པུ་ཡཱའི་མཐའ་མཚམས་ས་ཁུལ་ནས་ཟིང་འཁྲུག་བྱུང་བ།
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སོ་མ་ལིའི་ས་ཁོངས་ཡོངས་སུ་མུག་སྐྱོན་ཁྱབ་ཉེན་ཡོད་ཅེས་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།