དབྱི་ལིང་དམག་དཔུང་གིས་ཁུའུ་ཨར་ཏི་དྲག་ཆས་ཉེས་ཅན་སོ་ལྔ་བསད་པ།

བསོད་ནམས་ཚེ་རིང་།        2011-07-28

དབྱི་ལིང་དབྱི་སི་ལན་གསར་བརྗེའི་བདེ་སྲུང་རུ་ཁག་གིས་ཚེས་ཉེར་ལྔ་ཉིན་ནུབ་བྱང་མཐའ་མཚམས་ནས་ཁུའུ་ཨར་ཏི་སི་ཐན་རང་དབང་འཚོ་བའི་ཏང་གི་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་སོ་ལྔ་བསད་པ་དང་། རྩ་འཛུགས་དེའི་ཁོངས་མི་མང་བོ་འཛིན་བཟུང་བྱས་ཟེར།
 བསྒྲགས་པའི་གནས་ཚུལ་ལྟར་ན། འཁྲུག་རྩོད་དྲག་པོ་བྱས་པ་བརྒྱུད་དབྱི་ལིང་གསར་བརྗེའི་བདེ་སྲུང་རུ་ཁག་གིས་ཁུའུ་ཨར་ཏི་སི་ཐན་རང་དབང་འཚོ་བའི་ཏང་གི་དབྱི་ལིང་ནུབ་བྱང་མཐའ་མཚམས་ཀྱི་སཱ་ཨར་ཏཱ་ཧྲི་ཐི་གྲོང་ཁྱེར་དུ་ཡོད་པའི་རྟེན་གཞི་མང་བོ་ཕྱིར་འཕྲོག་པ་དང་། དབྱི་ལིང་དམག་གིས་རྩ་འཛུགས་དེ་གཙང་བཤེར་བྱེད་པའི་འགུལ་བསྐྱོད་སྔར་བཞིན་སྤེལ་བཞིན་ཡོད།
 དབྱི་ལིང་གསར་བརྗེའི་བདེ་སྲུང་རུ་ཁག་གི་སྐམ་དམག་སི་ལིན་ཕཱ་ཁི་ཕུའུ་ཨར་གྱིས་ཚེས་བཅུ་དགུ་ཉིན་བསྟན་དོན། ཁུའུ་ཨར་ཏི་སི་ཐན་རང་དབང་འཚོ་བའི་ཏང་གི་དྲག་ཆས་པ་ཚར་གཅོད་བྱེད་པ་དང་། ནུབ་བྱང་ས་ཁུལ་གྱི་ཡུན་རིང་གཏན་འཇགས་ལ་འགན་སྲུང་བྱེད་ཆེད། དབྱི་ལིང་གསར་བརྗེའི་བདེ་སྲུང་རུ་ཁག་གིས་ཉེ་སྔོན་ནུབ་བྱང་མཐའ་མཚམས་ས་ཁུལ་དུ་གཙང་བཤེར་བྱེད་པའི་འགུལ་བསྐྱོད་ཐེངས་མང་སྤེལ་ཏེ་རྩ་འཛུགས་དེར་ཆམ་ཕབ་དྲག་པོ་བཏང་ཟེར།
 རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། དབྱི་ལིང་གིས་ཉེ་སྔོན་ནུབ་བྱང་གི་དབྱི་རག་ཁུའུ་ཨར་ཏི་མི་འདུས་སྡོད་བྱེད་སའི་འབྲེལ་མཚམས་ས་ཁུལ་དུ་དམག་མི་སྟོང་ལྔ་ལྷག་བཀོད་སྒྲིག་བྱས་ཡོད།
  • ལེ་ཚན་སྔོན་མ།:ཧྥེ་ལེ་པེན་དུ་དྲག་ཆར་བབས་ཏེ་མི་བདུན་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།