ཧྥེ་ལེ་པེན་དུ་དྲག་ཆར་བབས་ཏེ་མི་བདུན་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-07-28

ཧྥེ་ལེ་པེན་རྒྱལ་ཁབ་གནོད་འགོག་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཧྥེ་ལེ་པེན་བྱང་ཕྱོགས་ས་ཁུལ་གྱི་དྲག་ཆར་བབས་ཏེ། རི་ཉིལ་བའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་གར་སོང་མ་རྙེད་ཟེར།
 ཧྥེ་ལེ་པེན་བྱང་ཕྱོགས་ཀྱི་ཞིང་ཆེན་འགའ་དང་རྒྱལ་ས་ཏཱ་མཱ་ནེ་ལཱ་ས་ཁུལ་དུ་ཚེས་ཉེར་ལྔ་ཉིན་ནས་བསྟུད་མར་དྲག་ཆར་བབས་པ་དང་། ལོའུ་སུང་གླིང་ཕྲན་ཤར་ལྷོ་མཚམས་ཀྱི་ཨ་ཨར་པེད་ཞིང་ཆེན་དུ། དྲག་ཆར་བབས་པ་ལས་རི་ཉིལ་བའི་དོན་རྐྱེན་ཐེངས་གསུམ་བྱུང་སྟེ། བསྡོམས་པས་མི་བདུན་རྐྱེན་ལམ་དུ་ཤོར། མིག་སྔར་དྲག་ཆར་དང་ཆུ་ལོག་གི་འཇིགས་ཉེན་ལས་སྡོད་དམངས་འབུམ་གཅིག་གནས་སྐབས་ཀྱི་བཀོད་སྒྲིག་བྱེད་སར་བསྐྱལ། ཏུང་སཱ་མཱ་དང་ཁཱ་ཐན་ཏོན་ནེ་སི། ཨ་ཨར་པེ་བཅས་ཞིང་ཆེན་གསུམ་དུ་བསྡོམས་པས་ཉ་བ་བཅུ་གཅིག་གར་སོང་རྙེད་མེད།
 ཨ་ཨར་པེད་ཞིང་ཆེན་དང་ཁཱ་ཐན་ཏོན་ནེ་སི་ཞིང་ཆེན་གྱི་གྲུ་ཁའི་གྲོང་ཁྱེར་མང་བོ་ནས། མི་དྲུག་བརྒྱ་ལྷག་གྲུ་ཁར་ལུས་པ་དང་། ཉུང་མཐར་ཡང་རྒྱལ་ནང་གི་གནམ་གྲུ་ཉི་ཤུ་ལྷག་ནམ་ཟླའི་དབང་གིས་གཏོང་མཚམས་བཞག
  • ལེ་ཚན་སྔོན་མ།:འཇར་པན་རྒྱལ་ཡོངས་གྲོས་ཞུགས་ཁང་གིས་སྔོན་རྩིས་ལ་ཁ་གསབ་བྱེད་པའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ།
  • ལེ་ཚན་རྗེས་མ།:དབྱི་ལིང་དམག་དཔུང་གིས་ཁུའུ་ཨར་ཏི་དྲག་ཆས་ཉེས་ཅན་སོ་ལྔ་བསད་པ།
  • དོ་སྣང་ཆེ་བའི་རྩོམ།