ལེ་པཱ་ནུན་གྱི་རྒྱལ་སའི་སྣུམ་སྣོན་ས་ཚིགས་ཤིག་ལ་འགས་གཏོར་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་།        2011-06-07

ལེ་པཱ་ནུན་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ཡི་ཨ་ཞི་ལཱ་ཧྥེ་ཡཱ་ས་ཁུལ་གྱི་སྣུམ་སྣོན་ས་ཚིགས་ཤིག་ལ་ཚེས་དྲུག་ཉིན་གྱི་དགོང་མོར་འགས་གཏོར་བྱུང་། བསྡོམས་རྩིས་བྱས་པའི་གནས་ཚུལ་གསར་བ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ལས་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་ལྔ་ལ་རྨས་ཕོག་ཟེར།
 འགས་གཏོར་དོན་རྐྱེན་བྱུང་རྗེས། ལེ་པཱ་ནུན་དམག་དཔུང་དང་མེ་གསོད་དམག་དཔུང་མྱུར་དུ་དོན་རྐྱེན་བྱུང་སར་སོང་ནས་རྒུད་སྐྱོབ་བྱས་ཏེ་སྣུམ་སྣོན་ས་ཚིགས་ལ་མུ་འབྲེལ་འགས་གཏོར་འབྱུང་བར་སྔོན་འགོག་བྱས། རྒུད་སྐྱོབ་མི་སྣས་མྱུར་དུ་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས།
  • ལེ་ཚན་སྔོན་མ།:ཝུ་ཀན་ཏཱའི་ནེ་ཀི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ།
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་མི་ཉུང་འཕྲིའི་གྲོས་ཚོགས་འཇར་པན་གྱི་ཆི་ཡུས་ནས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།