ཝུ་ཀན་ཏཱའི་ནེ་ཀི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ།

བསོད་ནམས་ཚེ་རིང་།        2011-06-07

 ཝུ་ཀན་ཏཱ་རྒྱལ་ཁབ་ཀྱིས་ཚེས་དྲུག་ཉིན་སྐབས་གསར་བའི་ནེ་ཀིའི་ཁོངས་མིས་ལས་འགན་འཁུར་བའི་མཛད་སྒོ་བསྡུས་པ་དང་། ནེ་ཀི་གསར་བའི་ཁོངས་མི་དོན་གཅིག་གིས་རྒྱལ་ས་ཁན་ཕཱ་ལཱ་ལྷོ་ངོས་ཀྱི་སྤྱི་ལེ་བཞི་བཅུའི་མཚམས་སུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་འཁུར། ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ་ཡིས་དམ་བཅའ་བཞག་སྟེ་འགན་འཁུར་བའི་མཛད་སྒོར་མགོ་འཛིན་བྱས།
 ཝུ་ཀན་ཏཱ་རྒྱལ་ཁབ་ཀྱིས་ད་ལོའི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ད་ལྟའི་ཙུང་ཐུང་མུའུ་སེ་ཝེ་ནེ་ཡང་བསྐྱར་ཙུང་ཐུང་དུ་བདམས་པ་རེད། ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན། མུའུ་སེ་ཝེ་ནེ་ཡིས་རྒྱལ་ས་ཁན་ཕཱ་ལཱ་ནས་དམ་བཅའ་བཞག་སྟེ་ཝུ་ཀན་ཏཱའི་ཙུང་ཐུང་གི་འགན་ཁུར་བ་རེད། ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མུའུ་སེ་ཝེ་ནེ་ཡིས་པུའུ་ཀྲང་འདེམ་སྒུག་མི་སྣ་དོན་ལྔའི་མིང་གྲོས་ཁང་ལ་སྤྲད་པ་དང་། དེའི་ནང་མི་བཞི་ལ་གྲོས་མཐུན་མ་བྱུང་།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ལེ་པཱ་ནུན་གྱི་རྒྱལ་སའི་སྣུམ་སྣོན་ས་ཚིགས་ཤིག་ལ་འགས་གཏོར་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།