བསོད་ནམས་ཚེ་རིང་། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-04-22
ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། ཧྥ་རན་སིའི་ཙུང་ཐུང་སཱ་ཁི་ཆི་ཡིས་ཕཱ་རི་སིའི་ཨེ་ལོས་ཧྲི་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་ལེ་ལེ་ལ་ཐུག་འཕྲད་བྱས།
ཧྥ་རན་སིའི་ཙུང་ཐུང་སཱ་ཁི་ཆི་ཡིས་ཚེས་ཉི་ཤུ་ཉིན་འཚམས་འདྲིར་ཡོང་བའི་ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ། རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་ལེ་ལེ་ལ་ཐུག་འཕྲད་བྱས།
ཅཱ་ལེ་ལེ་ཡིས་ཐུག་འཕྲད་བྱས་རྗེས་གསར་འགོད་པར་བཤད་རྒྱུར། ཁོའི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་གཙོ་བོ་ནི་ཧྥ་རན་སི་སོགས་རྒྱལ་ཁབ་ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ལ་བཀའ་དྲིན་ཞུ་བའི་ཆེད་དུ་ཡིན་ཟེར། ཁོས་བཤད་རྒྱུར། སཱ་ཁི་ཆི་ཡིས་ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རོགས་རམ་བྱེད་པར་སྔར་ལས་ཤུགས་སྣོན་བྱེད་རྒྱུ་ཁས་བླངས་པ་དང་། ཁོས་སཱ་ཁི་ཆི་ཡིས་པན་ཅཱ་ཏི་རུ་འཚམས་འདྲིར་ཡོང་བར་གདན་ཞུ་བྱས་ཡོད་ཟེར།
ཅཱ་ལེ་ལེ་ཡིས་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་གི་དམིགས་འབེན་ནི་ལི་པུ་ཡཱ་རུ་དམངས་གཙོའི་འདེམ་བསྐོ་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10