འཇར་པན་དུ་ས་འགུལ་དྲག་པོ་བྱུང་ཞིང་རྒྱ་མཚོ་འཕྱུར་བ་ལས་མི་ཁྲི་གཅིག་དང་སྟོང་བཞི་ཉིས་བརྒྱ་སོ་བརྒྱད་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་།        2011-04-25

 འཇར་པན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་བར། འཇར་པན་དུ་ས་འགུལ་དྲག་པོ་བྱུང་ཞིང་རྒྱ་མཚོ་འཕྱུར་བ་ལས་མི་ཁྲི་གཅིག་དང་སྟོང་བཞི་ཉིས་བརྒྱ་སོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་གཉིས་ཉིས་བརྒྱ་ཉེར་རྒྱད་གར་སོང་མ་རྙེད་ཟེར།
 འཇར་པན་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ས་འགུལ་གྱི་གནོད་འཚེ་ཚབས་ཆེ་བའི་ཀུང་ཁྲིན་རྫོང་དུ་མི་སྟོང་བརྒྱད་དང་དྲུག་བརྒྱ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། ཡན་ཧྲིག་རྫོང་དུ་མི་སྟོང་བཞི་དང་བརྒྱ་ར་ཉེར་གཅིག་རྐྱེན་ལམ་དུ་ཤོར། མིག་སྔར་ད་རུང་མི་འབུམ་གཅིག་དང་ཁྲི་གསུམ་སྟོང་གཅིག་ཙམ་གྱིས་གནས་སྐབས་སྡོད་གནས་སོ་སོར་འཚོ་བ་རོལ་བཞིན་ཡོད་ཟེར།
 གཞན་ཡང་ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ཡི་སྙན་ཞུ་ལྟར་ན། འཇར་པན་པིན་ཀྲིག་གླིང་ཕྲན་ཤར་ངོས་ཀྱི་མཚམས་ཁོངས་སུ་ཚེས་ཉེར་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་སྐར་མ་བཅུ་གཉིས་སྟེང་ཚད་རིམ་དྲུག་གི་ས་འགུལ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་དགུ་ཙམ་ཡོད་ཟེར། མིག་སྔར་ད་རུང་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་གནས་ཚུལ་བསྒྲགས་མེད།
  • ལེ་ཚན་སྔོན་མ།:ཧྥ་རན་སིའི་ཙུང་ཐུང་གིས་ལི་པུ་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པར་ཐུག་འཕྲད་བྱས་པ།
  • ལེ་ཚན་རྗེས་མ།:ཨེ་ཅིབ་རྒྱལ་ཁབ་ཀྱིས་དབྱི་ལིང་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པ་དེས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་ཀྱི་བདེ་འཇགས་
  • དོ་སྣང་ཆེ་བའི་རྩོམ།