ཨ་མེ་རི་ཁས་འཇིགས་སྐུལ་ལ་དོགས་ཟོན་བྱེད་པའི་མ་ལག་གསར་བ་ལག་བསྟར་བྱེད་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ།

བསོད་ནམས་ཚེ་རིང་།        2011-04-22

ཨ་མེ་རི་ཁའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡིས་ཚེས་ཉི་ཤུ་ཉིན་འཇིགས་སྐུལ་ལ་དོགས་ཟོན་བྱེད་པའི་མ་ལག་རིམ་པ་གཉིས་པ་ལག་བསྟར་བྱེད་མགོ་བརྩམས་ཏེ་ད་ལྟའི་དོགས་ཟོན་མ་ལག་གི་ཚབ་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།
 རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། མ་ལག་གསར་བར་དོགས་ཟོན་རིམ་པ་གཉིས་འདུས་པ་དང་། དངོས་སུ་གནས་པའི་འཇིགས་སྐུལ་འཇིགས་ཉེན་གྱི་ཚབ་བྱས་ཡོད།
 གསལ་སྒྲོག་ལས་མ་ལག་གསར་བའི་འོག་གསང་འཕྲིན་སྡེ་ཁག་གིས་མངོན་གསལ་དང་བློ་གཏད་ཆོག་པའི་འཇིགས་སྐུལ་འཇིགས་ཉེན་འབྱུང་བ་ཤེས་སྐབས། འཇིགས་ཉེན་གྱི་ཚད་ལྟར་ཉེན་བརྡ་གཏོང་དགོས་ཟེར། ཉེན་བརྡ་གཏོང་བའི་ནང་དོན་ལ་འཇིགས་སྐུལ་དོགས་ཟོན་གྱི་རིམ་པ་དང་འཇིགས་ཉེན་དེའི་གནོད་པ་རགས་བསྡུས། འབྲེལ་ཡོད་སྡེ་ཁག་གིས་སྤྱི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་སྤྱོད་པའི་ཐག་གཅོད་བྱེད་ཐབས། མི་སྒེར་དང་སྡོད་ཁུལ་གྱི་དོགས་ཟོན་གྲོས་གཞི་སོགས་འདུས་ཡོད།
 འཇིགས་སྐུལ་གྱི་ཚད་དང་ནང་དོན་མི་འདྲ་བ་ལྟར་དུ། འཇིགས་སྐུལ་ཉེན་བརྡ་གཏོང་སའི་མང་ཚོགས་ལའང་ཁྱད་པར་ཡོད་དེ། ཁྲིམས་འཛིན་སྡེ་ཁག་དང་དངོས་ཟོང་ཉོ་བསྡུ་ལྟེ་གནས། ཟ་ཁང་སོགས་དམིགས་བསལ་གྱི་མང་ཚོགས་ཡིན་སྲིད་ལ། སྤྱིར་བཏང་གི་མང་ཚོགས་ཡིན་ཡང་སྲིད། སྤྱིར་བཏང་གི་མང་ཚོགས་ལ་ཉེན་བརྡ་གཏོང་སྐབས། རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡིས་རང་གི་དྲ་ཚིགས་སྟེང་གསལ་སྒྲོག་སྤེལ་བ་དང་། གསར་འགྱུར་ལས་རིགས་སོགས་བརྒྱུད་དེ་དྲིལ་སྒྲོག་རྒྱ་ཆེར་བྱེད་དགོས་པ་རེད།
  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་ཙུང་ཐུང་གིས་ཨ་མེ་རི་ཁའི་ལས་རིགས་སོ་སོས་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་ཐད་མཉམ་དུ་འགན་ཁུར་དགོ
  • ལེ་ཚན་རྗེས་མ།:“ཧྥ་རན་སིའི་སྣང་ཚུལ”གྱི་འགྱུར་ལྡོག་གསར་པ།
  • དོ་སྣང་ཆེ་བའི་རྩོམ།