ཨོ་པཱ་མཱ་ཡིས་ཉིས་སྟོང་བཅུ་གཉིས་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་ཁྱབ་སྒྲོག་བྱས་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-04-06

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཞི་ཉིན་ཉིས་སྟོང་བཅུ་གཉིས་ལོའི་ཙུང་ཐུང་འདེམ་བསྐོ་ལ་ཞུགས་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། རྒྱལ་ཕྲན་མཉམ་འབྲེལ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་ལ་འདེམ་བསྐོའི་འགྲན་རྩོད་ལ་ཞུགས་པའི་དངོས་གཞིའི་ཡིག་ཆ་སྤྲོད་རྒྱུ་ཡིན་ཟེར།
 ཨོ་པཱ་མཱ་ཡིས་ཉིན་དེར་མི་སྒེར་གྱི་དྲ་ཚིགས་བརྒྱུད་དེ་ཁོའི་རྒྱབ་སྐྱོར་མཁན་ལ་གློག་རྡུལ་འཕྲིན་ཡིག་བསྐུར་ཏེ། ཉིས་སྟོང་བཅུ་གཉིས་ལོའི་ཙུང་ཐུང་འདེམ་བསྐོར་དངོས་སུ་ཞུགས་རྒྱུའི་གྲོས་ཆོད་ཁྱབ་སྒྲོག་བྱས།
 ཨོ་པཱ་མཱ་ཡིས་ཙུང་ཐུང་འདེམ་བསྐོ་ལ་ཞུགས་པའི་ཐོ་འགོད་འགྲོ་ལུགས་སྒྲུབས་རྗེས་མ་དངུལ་བསྡུ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་ཆབ་སྲིད་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱས་ན། ཨོ་པཱ
  • ལེ་ཚན་སྔོན་མ།:རྒྱལ་ཁབ་མང་པོས་ཧྥེ་གླིང་གི་རྒྱལ་ཁབ་ལི་པི་ཡར་ལ་མཁའ་རྒོལ་ཐེངས་མང་བྱས་ནས་མི་སེར100ཉེ་བ་ཤི་ཤོར་བ།
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་ཡིས་ཉིས་སྟོང་བཅུ་གཉིས་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་ཁྱབ་སྒྲོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།