རྒྱལ་ཁབ་མང་པོས་ཧྥེ་གླིང་གི་རྒྱལ་ཁབ་ལི་པི་ཡར་ལ་མཁའ་རྒོལ་ཐེངས་མང་བྱས་ནས་མི་སེར100ཉེ་བ་ཤི་ཤོར་བ།

        2011-03-29

ཟླ་བ3པའི་ཚེས19ཉིན་ནས་ཚེས22ཉིན་གྱི་བར།  ཨ་རི་དང་།  དབྱིན་ཇི།  ཧྥ་རེ་སི་བཅས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གཙོ་འགོ་ཁྲིད་ཅིང་།  ཁ་ན་ཏ་དང་།  པི་ལི་ཧྲི།  སི་ཕེན།  ནོར་ཝེ།  ཏེན་མག་སོགས་རྒྱལ་ཁབ་མང་པོས་མཉམ་ཞུགས་བྱས་ཏེ་ཧྥེ་གླིང་གི་རྒྱལ་ཁབ་ལི་པི་ཡར་ལ་མཁའ་རྒོལ་ཐེངས་མང་པོ་བྱས་པས།  ལི་པི་ཡར་རྒྱལ་ཁབ་ཀྱི་དམག་དོན་རྟེན་གཞི་མང་པོ་གཏོར་བཤིག་བཏང་ཡོད་ཅིང་།  མང་ཚོགས་ཀྱི་འཚོ་བར་གནོད་ཚེ་ཚབས་ཆེན་ཐེབས་ནས་ཡུལ་འཁྱར་པ་མང་པོ་བུད་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན།  ཟླ་བ3པ་ནས་བཟུང་ཧྥེ་གླིང་གི་རྒྱལ་ཁབ་ལི་པི་ཡར་ལ་ཆབ་སྲིད་ཀྱི་གནས་བབ་ལྷིང་འཇགས་མེད་པའི་གནས་ཚུལ་བྱུང་ཡོད།  ཚེས19ཉིན་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཉམ་ལས་དམག་དཔུང་གིས་ལི་པི་ཡར་ལ་གནམ་གྲུ་ཐེངས336བཏང་ནས་མཁའ་རྒོལ་བྱེད་འགོ་ཚུགས་ཤིང་།  མཚོ་ངོས་ཐོག་ནས་ལི་པི་ཡར་ལ་འཕུར་མདའ162འཕེན་བས།  རྒྱལ་ཁབ་འདིའི་གནམ་གྲྭ་ཐང་དང་མཚོ་ཁ་སོགས་རྨང་གཞིའི་སྒྲིག་ཆས་མང་པོ་གཏོར་བརླག་བཏང་ཡོད་པ་དང་ཆགས་ཅིག  ཉེས་མེད་མི་སེར100ཉེ་བ་ནི་ཐེངས་འདིའི་མཁའ་རྒོལ་ནང་ཤི་ཤོར་བ།  མིག་སྔར།  རྒྱལ་ཁབ་འདིའི་ས་གནས་མང་པོར་གློག་མེད་པ་དང་།  བཟའ་བཅའ་དང་ཆུ་སོགས་འཚོ་བའི་ངེས་མཁོའི་དངོས་རྫས་མི་འདང་བའི་གནས་ཚུལ་བུད་དེ་མི་སེར་རྣམས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེ་དཀའ་སྡུག་བྱུང་ནས་ཚེ་ཐར་ཐབས་བྲེལ་བ་རེད།
  • ལེ་ཚན་སྔོན་མ།:འཇར་པན་དུ་ས་འགུལ་དྲག་པོ་བྱུང་ཞིང་རྒྱ་མཚོ་འཕྱུར་བ་ལས་མི་ཁྲི་གཅིག་དང་བརྒྱད་བརྒྱ་དང་བཞི་རྐྱེན་ལམ་དུ་ཤོར
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་ཡིས་ཉིས་སྟོང་བཅུ་གཉིས་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་ཁྱབ་སྒྲོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།