འཇར་པན་དུ་ས་འགུལ་དྲག་པོ་བྱུང་ཞིང་རྒྱ་མཚོ་འཕྱུར་བ་ལས་མི་ཁྲི་གཅིག་དང་བརྒྱད་བརྒྱ་དང་བཞི་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-03-29

འཇར་པན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཉིན་དེའི་དགོང་མོའི་དུས་ཚོད་དགུའི་བར། འཇར་པན་དུ་ས་འགུལ་དྲག་པོ་བྱུང་ཞིང་རྒྱ་མཚོ་འཕྱུར་བ་ལས་མི་ཁྲི་གཅིག་དང་བརྒྱད་བརྒྱ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་དྲུག་ཉིས་བརྒྱ་ཞེ་བཞི་གར་སོང་རྙེད་མེད་ཟེར།
 འཇར་པན་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ས་འགུལ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་ཀུང་ཁྲིན་རྫོང་ནས་མི་སྟོང་དྲུག་དང་ལྔ་བརྒྱ་རེ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། ཡན་ཧྲི་རྫོང་ནས་མི་སྟོང་གསུམ་དང་ཉིས་བརྒྱ་བཅུ་གསུམ་རྐྱེན་ལམ་དུ་ཤོར། མིག་སྔར་གནས་སྐབས་སྡོད་གནས་སོ་སོར་སྔར་བཞིན་མི་འབུམ་གཉིས་དང་ཁྲི་བཞི་ལྷག་གིས་འཚོ་བ་རོལ་བཞིན་ཡོད་ཟེར།
  • ལེ་ཚན་སྔོན་མ།:ཧྥ་རན་སིའི་དམག་དཔུང་གིས་ལི་པུ་ཡཱའི་དམག་བཀོལ་གནམ་གྲུ་མང་བོ་འགས་གཏོར་བཏང་བ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་མང་པོས་ཧྥེ་གླིང་གི་རྒྱལ་ཁབ་ལི་པི་ཡར་ལ་མཁའ་རྒོལ་ཐེངས་མང་བྱས་ནས་མི་སེར100ཉེ་བ་ཤི་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།