ཧྥ་རན་སིའི་དམག་དཔུང་གིས་ལི་པུ་ཡཱའི་དམག་བཀོལ་གནམ་གྲུ་མང་བོ་འགས་གཏོར་བཏང་བ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-03-28

ཧྥ་རན་སིའི་དམག་དཔུང་གིས་ལི་པུ་ཡཱའི་དམག་བཀོལ་གནམ་གྲུ་མང་བོ་འགས་གཏོར་བཏང་བ།

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཧྥ་རན་སིའི་དབྱི་སི་ཐི་ཨར་དམག་དོན་རྟེན་གཞིའི་འཐབ་འཛིང་གནམ་གྲུ་ཞིག་གིས་ལི་པུ་ཡཱ་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ལག་བསྟར་བྱེད་བཞིན་པ།


 ཧྥ་རན་སིའི་སྤྱིའི་ཚན་མུའུ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཧྥ་རན་སིའི་མཁའ་དམག་གིས་ཉིན་དེར་ཉུང་མཐར་ཡང་ལི་པུ་ཡཱའི་དམག་ཕྱོགས་ཀྱི་འཐབ་འཛིང་གནམ་གྲུ་ལྔ་དང་གྱེན་འཕུར་གནམ་གྲུ་གཉིས་འགས་གཏོར་བཏང་ཟེར།
 ཧྥ་རན་སིའི་སྤྱི་ཁྱབ་ཚན་མུའུ་པུའུ་ཡི་དྲ་ཚིགས་སྟེང་དགོང་མོ་དེར་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་མཁའ་དམག་གིས་ཉིན་དེར་ལི་པུ་ཡཱ་ནབ་ཕྱོགས་ཀྱི་ཅིན་ཐན་དང་མུས་སུའུ་ལཱ་ཐཱ་གྲོང་བརྡལ་ཉེ་འདབས་སུ་འཇབ་རྒོལ་ཐེངས་འགར་བྱས་པ་དང་། མུས་སུའུ་ལཱ་ཐཱ་ནས་ཉུང་མཐར་ཡང་ལི་པུ་ཡཱའི་དམག་ཕྱོགས་ཀྱི་འཐབ་འཛིང་གནམ་གྲུ་ལྔ་དང་གྱེན་འཕུར་གནམ་གྲུ་གཉིས་འགས་གཏོར་བཏང་ཟེར།
 ཧྥ་རན་སིའི་སྤྱི་ཁྱབ་ཚན་མུའུ་པུའུ་ཡིས་བཤད་རྒྱུར། གནམ་གྲུ་དེ་དག་སྐབས་དེར་ཉེ་འདབས་ས་ཁུལ་དུ་ལས་འགན་ལག་བསྟར་བྱེད་དུ་འགྲོ་རྩིས་ཡོད་ཟེར།

  • ལེ་ཚན་སྔོན་མ།:འཇར་པན་གྱིས་ཉིང་རྡུལ་ཕྱིར་ཤོར་བའི་དོན་རྐྱེན་ཐད་བྱེད་ཐབས་བཏོན་པ།
  • ལེ་ཚན་རྗེས་མ།:འཇར་པན་དུ་ས་འགུལ་དྲག་པོ་བྱུང་ཞིང་རྒྱ་མཚོ་འཕྱུར་བ་ལས་མི་ཁྲི་གཅིག་དང་བརྒྱད་བརྒྱ་དང་བཞི་རྐྱེན་ལམ་དུ་ཤོར
  • དོ་སྣང་ཆེ་བའི་རྩོམ།