འཇར་པན་གྱིས་ཉིང་རྡུལ་ཕྱིར་ཤོར་བའི་དོན་རྐྱེན་ཐད་བྱེད་ཐབས་བཏོན་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-03-28

འཇར་པན་གྱིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་ཉིང་རྡུལ་ཕྱིར་ཤོར་བའི་དོན་རྐྱེན་ཐག་གཅོད་བྱེད་ཐབས་ནི་གཤམ་གསལ་ལྟར། ཏུང་ཅིན་གློག་ཤུགས་ཀུང་ཟིས་ཧྥུའུ་ཏའོ་ཉིང་རྡུལ་གློག་འདོན་ས་ཚིགས་དང་པོའི་སྒྲིག་ཆས་མ་ལག་དང་པོ་དང་གསུམ་པའི་ཆུ་གསོག་ཡོང་ཁུངས་ལ་རྟོག་དཔྱོད་བྱས་ཏེ་ཆུ་ཕྱིར་གཏོང་བའི་འཆར་གཞི་ལ་རིགས་སྒྲུབ་བྱེད་དགོས་པ་དང་། སྒྲིག་ཆས་མ་ལག་དེ་གཉིས་ཀྱི་འོག་ཏུ་ཆུ་མང་བོ་གསོག་ཡོད་པ་དང་། ཆུའི་ནང་དུ་ཉིང་རྡུལ་འཕྲོ་འགྱེད་འདུས་ཚད་རྒྱུན་ལྡན་གྱི་ཚད་ལས་ལྡབ་ཁྲི་གཅིག་གིས་མཐོ་བ་རེད།
 གཞན་ཡང་སྒྲིག་ཆས་མ་ལག་དང་པོ་དང་གསུམ་པར་ཉིན་དེ་ནས་བཟུང་ཚྭ་མེད་ཆུ་གཏོར་ལྡུག་རྒྱུ་ཡིན་པ་དང་། སྒྲིག་ཆས་མ་ལག་གཉིས་པ་དང་བཞི་བར་སྔར་བཞིན་མཚོ་ཆུ་ལྡུག་དགོས། མཚོ་ཆུའི་ཁྲོད་ཀྱི་མི་གཙང་བའི་དངོས་རྫས་ཀྱིས་སྒྲིག་ཆས་ལ་གཏོར་བརླག་ཐེབས་པར་སྔོན་འགོག་བྱེད་ཆེད། གང་མགྱོགས་སྒོས་ཚྭ་མེད་ཆུ་ལྡུག་རྒྱུ་རེད།
 ཏུང་ཅིན་གློག་ཤུགས་ཀུང་ཟིས་གློག་འདོན་བྱེད་སའི་ས་ཁོངས་སུ་ཉིན་གཉིས་ཀྱི་རིང་རེས་མོས་ཀྱིས་གློག་གཅོད་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཏུང་ཅིན་གློག་ཤུགས་ཀུང་ཟིས་བལྟས་ན་གཟའ་མཇུག་ལ་ཚོང་ཁང་མང་བོས་ལས་མཚམས་བཞག་པ་དང་ནམ་ཟླ་ཡང་བཟང་བས་གློག་ཤུགས་ཀྱི་དགོས་མཁོ་དེ་འདྲ་མི་ཆེ་བར་འདོད།
  • ལེ་ཚན་སྔོན་མ།:ཕན་ཅི་བུན་གྱིས་འཛམ་གླིང་གི་ས་ཆ་སོ་སོའི་མང་ཚོགས་སའི་གོ་ལའི་དུས་ཚོད་གཅིག་གི་བྱ་འགུལ་ལ་ཞུགས་དགོས་པའི་འབ
  • ལེ་ཚན་རྗེས་མ།:ཧྥ་རན་སིའི་དམག་དཔུང་གིས་ལི་པུ་ཡཱའི་དམག་བཀོལ་གནམ་གྲུ་མང་བོ་འགས་གཏོར་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།