ཁཱ་ཀྲ་ཧྥེ་ཡི་ཆེད་མངག་ཕོ་ཉས་ཞི་ལཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-04-06

ཞི་ལཱ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཏི་ལུའུ་ཁྲ་སི་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཞི་ལཱའི་ཙུང་ལི་ཕཱ་ཕན་ཏི་ལི་ཨིག་གིས་ཚེས་གསུམ་ཉིན་གྱི་དགོང་མོར་ཡཱ་ཏེན་ནས་ལི་པུ་ཡཱའི་མགོ་ཁྲིད་པ་ཁཱ་ཀྲ་ཧྥེ་ཡི་ཆེད་མངག་ཕོ་ཉ། ཕྱི་འབྲེལ་བློན་ཆེན་ཚབ་མ་ཨོ་པེ་ཏིས་ལ་ཐུག་འཕྲད་བྱས་ཟེར།
 ཏི་ལུའུ་ཁྲ་སི་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨོ་པེ་ཏིས་ཚེས་བཞི་ཉིན་ཐུར་ཁེ་དང་མར་ཐཱ་རྒྱལ་ཁབ་ཏུ་སོང་ནས་ལི་པུ་ཡཱའི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཨོ་པེ་ཏིས་ཀྱི་ལངས་ཕྱོགས་ལྟར་བརྡར་གཅོད་བྱས་ན། ལི་པུ་ཡཱའི་སྲིད་གཞུང་གིས་ཉམས་ཉེན་ཐག་གཅོད་པའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།
 ཏི་ལུའུ་ཁྲ་སི་ཡིས་བཤད་རྒྱུུར། ཞི་ལཱ་སྲིད་གཞུང་གིས་ནམ་རྒྱུན་ཕྱི་འབྲེལ་དང་ཆབ་སྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
 ཞི་ལཱའི་ཙུང་ལི་ཕཱ་ཕན་ཏི་ལི་ཨིག་གིས་བསྟུད་མར་ཉིན་འགའི་རིང་སྔ་གཞུག་ཏུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧཱ་མཱ་ཏི། ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ལི་ཨེ་ཨར་ཏོ་ཨན་བཅས་ལ་ཁ་པར་བཏང་སྟེ། ལི་པུ་ཡཱའི་གནས་བབ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།
  • ལེ་ཚན་སྔོན་མ།:ཡོ་རོབ་གླིང་མནའ་འབྲེལ་གྱིས་ལི་པུ་ཡཱའི་གནས་བབ་ཐག་གཅོད་པའི་ཞི་བདེ་སྲུང་སྐྱོང་དམག་དཔུང་འཛུགས་རྒྱུ་ཐག་བཅ
  • ལེ་ཚན་རྗེས་མ།:ཁི་ལོ་ཏི་ཡཱ་རྒྱལ་ཁབ་ཉིས་སྟོང་བཅུ་གསུམ་ལོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་བ་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།