ཁྲའོ་ཞན་གྱིས་ཧན་གོས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཁྲའོ་ཞན་གྱིས་བཏོན་པའི་གྲོས་མོལ་གྲོས་གཞི་དང་ལེན་བྱེད་དགོས་པའི་རེ་བ་བཏོན་པ།

བསོད་ནམས་ཚེ་རིང་།        2011-03-07

ཁྲའོ་ཞན་གྱིས་ཧན་གོས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཁྲའོ་ཞན་གྱིས་བཏོན་པའི་གྲོས་མོལ་གྲོས་གཞི་དང་ལེན་བྱེད

ཟླ་གསུམ་པའི་ཚེས་གསུམ་ཉིན། ཧན་གོའི་ཅིན་ཅི་ཏའོ་ཏུང་ཏིག་ཁྲོན་གྲོང་ཁྱེར་ནས་དམག་མིས་སྦྱོང་བརྡར་བྱེད་བཞིན་པ། ཉིན་དེར་ཧན་གོ་དང་ཨ་མེ་རི་ཁའི་གནད་འགག་ཆོད་དོན་དང་གླག་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མུ་མཐུད་དུ་སྤེལ།


 ཁྲའོ་ཞན་ངལ་རྩོལ་གསར་འགྱུར་ཞེས་པའི་ཚགས་པར་སྟེང་ཚེས་ལྔ་ཉིན་དཔྱད་བརྗོད་སྤེལ་ཏེ། ཧན་གོའི་དབང་འཛིན་ལས་ཁུངས་ཀྱིས་ཁྲའོ་ཞན་དང་ཧན་གོའི་གྲོས་མོལ་གནད་དོན་ཐད་ནས་དོན་དངོས་ཀྱི་འགུལ་བསྐྱོད་སྤེལ་ཏེ། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཁྲའོ་ཞན་གྱིས་བཏོན་པའི་གྲོས་མོལ་གྲོས་གཞི་དང་ལེན་བྱེད་དགོས་ཟེར།
 དེ་ནི་ངལ་རྩོལ་གསར་འགྱུར་ཞེས་པའི་ཚགས་པར་གྱིས་ཐོག་དང་པོར་ཧན་གོའི་ཙུང་ཐུང་ལིས་མེན་པོ་ཡིས་ཉིན་འགའི་སྔོན་གྱི་གཏམ་བཤད་ལ་དམིགས་ཏེ་དཔྱད་བརྗོད་སྤེལ་བ་རེད། ལིས་མེན་པོ་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གསུམ་གཅིག་དུས་ཆེན་ལ་རྗེས་དྲན་བྱེད་པའི་མཛད་སྒོའི་སྟེང་བསྟན་དོན། ཧན་གོ་རྒྱལ་ཁབ་ཀྱིས་རྣམ་དག་གི་བསམ་པ་བཅངས་ནས་དུས་ངེས་མེད་དུ་ཁྲའོ་ཞན་བར་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
 དཔྱད་བརྗོད་ལས་ཧན་གོ་དང་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་སྐབས་སུ། ཧན་གོའི་དབང་འཛིན་ལས་ཁུངས་ཀྱིས་ཁྲའོ་ཞན་བར་གྲོས་མོལ་བྱེད་འདོད་ཡོད་པའི་བསམ་ཚུལ་བསྟན་པ་ནི་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པ་དང་གྲོས་མོལ་བྱེད་འདོད་པའི་ལྷག་བསམ་ལ་དོགས་པ་མི་སྐྱེས་ཐབས་མེད་རེད་ཟེར། ཧན་གོ་རྒྱལ་ཁབ་ཀྱིས་ད་རུང་གྲོས་མོལ་གྱིས་སྔོན་འགྲོའི་ཆ་རྐྱེན་བསྐྱུར་མེད་པ་དང་། གྲོས་མོལ་གྱི་ཆེད་དུ་འབད་བརྩོན་ཅུང་ཙམ་ཡང་བྱེད་ཀྱིན་མེད། ཧན་གོའི་དབང་འཛིན་ལས་ཁུངས་ཀྱིས་གནས་ཚུལ་དེ་འདྲའི་འོག་གྲོས་མོལ་བྱེད་པར་གླེང་ན་དེའི་དམིགས་ཡུལ་ནི་གྲོས་མོལ་ལ་གཏོར་བརླག་བྱས་པའི་འགན་འཁྲི་ལ་ཡོལ་ཐབས་བྱེད་པའི་ཆེད་དུ་རེད་ཟེར།
 དཔྱད་བརྗོད་ལས་ཁྲའོ་ཞན་གྱིས་གང་མགྱོགས་སྒོས་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པ་དང་། ཞི་བདེའི་གཅིག་གྱུར་གྱི་རྣམ་པ་གསར་བ་ཞིག་གསར་སྐྲུན་བྱེད་པའི་ཐད་གྲོས་མོལ་གྲོས་གཞི་བཟང་བོ་བཏོན་ཡོད་པར་མ་ཟད། སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད། ཧན་གོའི་དབང་འཛིན་ལས་ཁུངས་ཀྱིས་གལ་ཏེ་གྲོས་མོལ་བྱས་ཏེ་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་འདོད་ཡོད་ན། ཨ་མེ་རི་ཁའི་བར་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་པ་དང་། ཁྲའོ་ཞན་ལ་ངོ་རྒོལ་བྱེད་པའི་སྲིད་ཇུས་བསྐྱུར་ནས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཁྲའོ་ཞན་གྱིས་བཏོན་པའི་གྲོས་མོལ་གྲོས་གཞི་དང་ལེན་བྱེད་དགོས་ཟེར།

  • ལེ་ཚན་སྔོན་མ།:ཧྥ་རན་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོས་ལི་པུ་ཡཱའི་གནས་བབ་ལ་དམིགས་ནས་ཐུན་མོང་སྲིད་ཇུས་ལ་
  • ལེ་ཚན་རྗེས་མ།:ཨ་པཱ་སི་ཡིས་ཕཱ་ལེ་སི་ཐན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཏུ་འགྱུར་དགོས་པར་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།