བསོད་ནམས་ཚེ་རིང་། 2011-03-01
ཧྥ་རན་སིའི་ཙུང་ཐུང་སཱ་ཁི་ཆི་ཡིས་ཚེས་ཉེར་བདུན་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། མིག་སྔར་ཨ་རབ་རྒྱལ་ཁབ་མང་བོ་ནས་བྱུང་བའི་ཆབ་སྲིད་ཉམས་ཉེན་གྱིས་ཧྥ་རན་སི་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་དེ་དུས་སྐབས་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་འདེད་ཐེབས་པར་མ་ཟད། ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོས་ལི་པུ་ཡཱ་རྒྱལ་ཁབ་ཀྱི་གནས་བབ་ལ་དམིགས་ནས་ཐུན་མོང་གི་ཐག་གཅོད་སྲིད་ཇུས་བཏོན་ནས་ས་ཁུལ་གྱི་གནས་བབ་བརྟན་འཇགས་ལ་ཡར་སྐུལ་བྱེད་དགོས་ཟེར།
སཱ་ཁི་ཆི་ཡིས་བརྙན་འཕྲིན་གཏམ་བཤད་ལས་ཧྥ་རན་སི་རྒྱལ་ཁབ་ཀྱིས་ཆབ་སྲིད་ཉམས་ཉེན་བྱུང་བའི་ཨ་རབ་རྒྱལ་ཁབ་དེ་དག་གི་མང་ཚོགས་ཀྱི་རེ་འདོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མ་ཟད། འབད་བརྩོན་གང་ལེགས་བྱས་ཏེ་རྒྱལ་ཁབ་དེ་དག་གི་སྤྱི་ཚོགས་ཟང་ཟིང་དེ་དྲག་ཤུགས་འཁྲུག་རྩོད་དུ་མི་འགྱུར་བར་མཇུག་སྒྲིལ་བར་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།
སཱ་ཁི་ཆི་ཡིས་ནན་གྱིས་བསྟན་དོན། གལ་ཏེ་ཕྱོགས་སོ་སོས་མཐུན་སྒྲིལ་མ་བྱས་ན་ཨ་རབ་རྒྱལ་ཁབ་ཀྱི་ཆབ་སྲིད་ཉམས་ཉེན་དེ་ལས་ཚོད་འཛིན་བྱེད་ཐབས་བྲལ་བའི་གནས་སྤོར་སྡོད་དམངས་དང་འཇིགས་སྐུལ་རིང་ལུགས་ཀྱི་གནས་ཚུལ་འབྱུང་སྲིད་ལ། ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་དེའི་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དེ་བས་ཧྥ་རན་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཚོགས་བསྡུས་ཏེ་ལི་པུ་ཡཱའི་གནས་བབ་ནས་ཐག་གཅོད་སྲིད་ཇུས་བཏོན་ནས་ས་ཁུལ་གྱི་བརྟན་འཇགས་ལ་སྐུལ་འདེད་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10