ཧྥ་རན་སིའི་སྲིད་གཞུང་གིས་བཅོས་སྒྲིག་བྱས་པ།

བསོད་ནམས་ཚེ་རིང་།        2011-03-01

ཧྥ་རན་སིའི་ཙུང་ཐུང་སཱ་ཁི་ཆི་ཡིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་སྲིད་གཞུང་གི་བཅོས་སྒྲིག་བྱས་ཏེ། སྡེ་ཁག་གཙོ་བོ་འགའི་པུའུ་ཀྲང་གི་འདེམ་སྒུག་མི་སྣ་ལེགས་སྒྲིག་བྱེད་རྒྱུ་ཁྱབ་སྒྲོག་བྱས།
 སཱ་ཁི་ཆི་ཡིས་ཁྱབ་སྒྲོག་བྱས་པའི་སྲིད་གཞུང་བསྒྱུར་བཅོས་བྱས་པའི་འདེམ་བསྐོའི་མིང་ཐོ་ལྟར་ན། སྔོན་ཆད་ཀྱི་རྒྱལ་སྲུང་པུའུ་ཀྲང་ཨ་ལན་ཀྲུའུ་ཕེ་ཡིས་མཱ་ལི་ཡི་ཚབ་ཏུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་པ་དང་། གྲོས་ཞུགས་ཁང་སྲིད་འཛིན་ཏང་གི་ཏང་ཚོགས་ཀྱི་འགན་ཁུར་བ་ལུང་ཀའེ་ཡིས་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་ལ། ཙུང་ཐུང་བཞུགས་ཤག་གཞུང་སྒྲུབ་ཁང་གི་དྲུང་ཡིག་ཆེན་མོ་ཀའེ་ཨང་གིས་ཨོ་ཨར་ཐི་ཧྥོ་ཡི་ཚབ་ཏུ་ནང་སྲིད་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་ལ། ཨོ་ཨར་ཐི་ཧྥོ་ཡིས་ཙུང་ཐུང་བཞུགས་ཤག་གི་དམིགས་བསལ་བློ་འདོན་པའི་འགན་ཁུར་རྒྱུ་རེད།
 སཱ་ཁི་ཆི་ཡིས་བཤད་རྒྱུར། མ་འོངས་པའི་འགྲན་རྩོད་ཐག་གཅོད་པ་དང་ཧྥ་རན་སིའི་མང་ཚོགས་ལ་སྲུང་སྐྱོབ་བྱེད་པ་ནི་ཧྥ་རན་སིའི་ཙུང་ཐུང་གི་འགན་འཁྲི་ཡིན་པ་དང་། ཁོས་ཐེངས་འདིའི་སྲིད་གཞུང་བཅོས་སྒྲིག་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡང་ཡིན། ཐེངས་འདིའི་མི་དོན་ལེགས་སྒྲིག་བྱས་པ་དང་བསྟུན་ནས་ཧྥ་རན་སིའི་སྲིད་གཞུང་སྡེ་ཁག་གིས་སྔོན་དཔག་བྱེད་ཐབས་མེད་པའི་འགྲན་རྩོད་གང་རུང་དང་ལེན་བྱེད་པར་གྲ་སྒྲིག་བཟང་བོ་བྱས་ཡོད་ཟེར།
  • ལེ་ཚན་སྔོན་མ།:དབྱི་རག་གྲོས་ཁང་གིས་ཉིས་སྟོང་བཅུ་གཅིག་ལོའི་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་འགྲོ་སོང་ལ་ཆོག་མཆན་བཀོད་པ
  • ལེ་ཚན་རྗེས་མ།:ཧྥ་རན་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོས་ལི་པུ་ཡཱའི་གནས་བབ་ལ་དམིགས་ནས་ཐུན་མོང་སྲིད་ཇུས་ལ་
  • དོ་སྣང་ཆེ་བའི་རྩོམ།