ནེའུ་ཙེ་ལན་གྱི་ལྷོ་ཕྱོགས་གླིང་ཕྲན་ནས་ཚད་རིམ་ལྔ་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-21

ནེའུ་ཙེ་ལན་ས་གཤིས་དང་ཉིང་རྡུལ་ཚན་རིག་ཞིབ་འཇུག་ཁང་གི་སྙན་ཞུ་ལྟར་ན། ནེའུ་ཙེ་ལན་ལྷོ་ཕྱོགས་ཀྱི་གླིང་ཕྲན་དབུས་ཕྱོགས་ཀྱི་ཁན་ཐི་པོ་ལོས་ས་ཁུལ་ནས་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་ཚད་རིམ་ལྔ་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ་དང་། ས་འགུལ་ལས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བྱུང་མེད་ཟེར།
 ས་འགུལ་དེ་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་གསུམ་སྟེང་བྱུང་བ་དང་། ས་འགུལ་ཚབས་ཆེ་ས་ནི་གླིང་ཕྲན་ལྷོ་མའི་དབུས་ཕྱོགས་སུ་གནས་པའི་ཁི་ལེ་སི་ཐི་ཁྲུ་ཆི་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བཅུའི་མཚམས་སུ་ཡིན་པ་དང་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད།
 ཁན་ཐི་པོ་ལོས་ས་ཁུལ་དུ་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་བ་དང་། མིག་སྔའི་བར་དུ་ས་ཁུལ་དེར་ཚད་རིམ་གསུམ་ཡན་གྱི་ས་འགུལ་ཆུང་བ་ཐེངས་དྲུག་བྱུང་།
  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཝ་ཧྲིན་ཏུན་ལ་ཐོན་ནས་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས་པ།
  • ལེ་ཚན་རྗེས་མ།:ཨར་ཅི་རི་ཡའི་སྲིད་ཏང་ཞིག་གིས་ཨ་མེ་རི་ཁ་སོགས་ཀྱིས་ཨར་ཅི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་རྒྱུའི་རེ་བ
  • དོ་སྣང་ཆེ་བའི་རྩོམ།