ཨ་ཧྥེ་རི་ཁ་ལྷོ་མའི་ཞིང་ཆེན་བདུན་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-19

ཨ་ཧྥེ་རི་ཁ་ལྷོ་མའི་ས་ཆ་སོ་སོར་བསྟུད་མར་དྲག་ཆར་བབས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དགུའི་ཁྲོད་ཀྱི་ཞིང་ཆེན་བདུན་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས། ཞིང་ཆེན་དེ་བདུན་ནི་ཧའོ་ཏིན་ཞིང་ཆེན་དང་། རང་དབང་ཁུལ་ཞིང་ཆེན། མཁའ་ཙུའུ་ལུའུ་ནཱ་ཐཱ་ཨར་ཞིང་ཆེན། མུའུ་ཕུའུ་མཱ་ལན་ཅཱ་ཞིང་ཆེན། ནུབ་བྱང་ཞིང་ཆེན། ཁེ་ཕུའུ་བྱང་མ་ཞིང་ཆེན། ལིན་པོ་པོ་ཞིང་ཆེན་བཅས་རེད།
  ཨ་ཧྥེ་རི་ཁ་ལྷོ་མའི་མཉམ་འབྲེལ་སྲིད་འཛིན་དང་སྲོལ་རྒྱུན་ལས་དོན་པུའུ་ཀྲང་ཞེ་སེ་ཁཱ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་ཅིག་སྤེལ་ཏེ། ན་ནིང་ལོ་མཇུག་གི་ཚུན་ལ། ཨ་ཧྥེ་རི་ཁ་ལྷོ་མའི་ས་ཆ་སོ་སོར་ནམ་རྒྱུན་དྲག་ཆར་བབས་པ་དང་། མིག་སྔའི་བར་དུ་ཉུང་མཐར་ཡང་མི་བཞི་བཅུ་ཆུ་ལོག་གི་གནོད་འཚེ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། ཆུ་ལོག་གི་གནོད་འཚེ་ལས་ཁེ་ཕུའུ་བྱང་མ་ཞིང་ཆེན་དང་ནུབ་བྱང་ཞིང་ཆེན། མཁའ་ཙུའུ་ལུའུ་ནཱ་ཐཱ་ཨར་ཞིང་ཆེན་བཅས་ལ་གྱོང་གུད་ཚབས་ཆེན་བཟོས་པ་དང་། ཞིང་ཆེན་དང་གནས་སྐོར། ནུས་ཁུངས་སོགས་ཐོན་ལས་ལའང་གནོད་པ་ཚབས་ཆེན་ཐེབས་ཡོད་ཟེར།
  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་དང་མོང་གོལ་གྱིས་མཉམ་ལས་བྱས་ཏེ་ནག་ཉེས་དང་དུག་རྫས་ལྐོག་འཚོང་བྱ་འགུལ་ལ་ཆམ་ཕབ་གཏོང་ར
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐའོ་ཝ་ཧྲིན་ཏུན་ལ་ཐོན་ནས་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།