མཉམ་འབྲེལ་རྒྱལ་ཚོགས་དང་མོང་གོལ་གྱིས་མཉམ་ལས་བྱས་ཏེ་ནག་ཉེས་དང་དུག་རྫས་ལྐོག་འཚོང་བྱ་འགུལ་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-19

 མཉམ་འབྲེལ་རྒྱལ་ཚོགས་དུག་རྫས་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་གིས་ཚེས་བཅུ་བདུན་ཉིན་ཝེ་ཡེ་ནཱ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་མོང་གོལ་རྒྱལ་ཁབ་དང་མཉམ་དུ་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་དུག་རྫས་ཚོད་འཛིན་དང་ནག་ཉེས་སྔོན་འགོག འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།
  ཉིན་དེར་བསྡུས་པའི་མཉམ་འབྲེལ་སྒྲོག་སྤེལ་ཚོགས་འདུའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་དུག་རྫས་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་གི་ལག་བསྟར་ཀྲུའུ་རིན་ཧྥེ་ཏོ་ཐོ་ཧྥུའུ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་དང་མོང་གོལ་རྒྱལ་ཁབ་བར་གྱི་མཉམ་ལས་ནི་སྔར་ལས་ལྷག་པའི་སྒོ་ནས་དུག་རྫས་དང་ནག་ཉེས། འཇིགས་སྐུལ་རིང་ལུགས་བཅས་ཀྱི་འཇིགས་ཉེན་སེལ་བའི་ཐད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཟེར།
  ཁོས་བསྟན་དོན། མཉམ་ལས་དེས་ཨེ་ཤ་ཡཱ་དབུས་ཤར་ས་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་ལ་ཡར་སྐུལ་བྱེད་པ་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་ཐུབ་པར་མ་ཟད། མོང་གོལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལའང་ཕན་པ་ཡོད་ཟེར།
  • ལེ་ཚན་སྔོན་མ།:དབྱི་རག་དབུས་ཕྱོགས་གྲོང་ཁྱེར་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་
  • ལེ་ཚན་རྗེས་མ།:ཨ་ཧྥེ་རི་ཁ་ལྷོ་མའི་ཞིང་ཆེན་བདུན་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་པ།
  • དོ་སྣང་ཆེ་བའི་རྩོམ།