བསོད་ནམས་ཚེ་རིང་། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-01-17
ཁུན་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བདེན་དཔང་བྱས་དོན། ཁུན་ནེ་ཡཱ་ནུབ་བྱང་ཕྱོགས་ཀྱི་གཞུང་ལམ་སྟེང་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་བཅུ་ལྷག་ལ་རྨས་སྐྱོན་ཕོག་ཟེར།
ས་དེའི་ཉེན་རྟོག་དཔོན་པོ་ཝ་མུའུ་པུའུ་ཨ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འགྲུལ་བ་དྲུག་ཅུ་ལྷག་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ནུབ་བྱང་ཕྱོགས་ཀྱི་ཁཱ་ཕིན་ཀུའུ་ལི་ཡཱ་ཉེ་འདབས་སུ་བགྲོད་སྐབས་འགག་ཟྭའི་ནུས་པ་ཉམས་ནས་སྔོན་གྱི་རླངས་འཁོར་དང་ཐོ་བརྒྱབ་པ་དང་། འགྲུལ་སྐྱེལ་རླངས་འཁོར་དེ་ཁོ་ལོ་བྱེད་ཐབས་བྲལ་ནས་ལམ་འགྲམ་དུ་ལོག་སྟེ་འགྲུལ་བ་བཞི་ས་དེ་ནས་ཤི་བ་དང་། གཞན་མི་གཅིག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་བའི་ལམ་བར་ནས་ཤི་བ་རེད་ཟེར།
ཝ་མུའུ་པུའུ་ཨ་ཡིས་བསྟན་དོན། ཉེན་རྟོག་ཕྱོགས་ཀྱིས་མིག་སྔར་སྔར་ལས་ལྷག་པའི་སྒོ་ནས་གོང་གི་འགྲིམ་འགྲུལ་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། རྨས་མ་ཚང་མ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10