མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་མ་འོངས་པར་མཚོ་སྔོན་གྱི་གཞི་རྒྱ་ཆེ་བའི་གནམ་དཔྱད་རིག་པའི་འགྲེམ་སྟོན་ཁང་འཛུགས་རྒྱུ་ཡིན་པ།

ཤ་བོ་སྐྱབས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-14

 ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱས་པ་ལྟར་ན། གཏེར་ལེན་ཁ་གྲོང་ཁྱེར་ནས་མ་འོངས་པའི་ལོ་འགའི་ནང་དུ་མཚོ་སྔོན་གྱི་གཞི་རྒྱ་ཆེ་བའི་གནམ་དཔྱད་རིག་པའི་ཚན་རྩལ་ཁྱབ་བརྡལ་ཁང་ཞིག་འཛུགས་རྒྱུ་རེད་ཟེར།
  གཏེར་ལེན་ཁ་གནམ་དཔྱད་རིག་པའི་ཚན་རྩལ་ཁྱབ་བརྡལ་ཁང་གི་ལས་གཞི་དེ་མཚོ་ནུབ་ཁུལ་སྲིད་གཞུང་དང་། ཙི་ཅིན་ཧྲན་གནམ་དཔྱད་ཁང་གཉིས་ཀྱིས་གཏེར་ལེན་ཁ་གྲོང་ཁྱེར་དུ་མཉམ་འབྲེལ་གྱིས་འཛུགས་རྒྱུ་ཡིན་པ་དང་། ལས་གཞི་དེ་ནི་གནམ་དཔྱད་རིག་པ་བརྗོད་བྱ་ཡིན་པའི་ཕན་ཚུན་འབྲེལ་འདྲིས་ཀྱི་ཚོད་ལེན་ཁང་ཞིག་ཡིན་ལ། ཚན་རིག་རང་བཞིན་དང་ཤེས་བྱ་རང་བཞིན་སོགས་ལྡན་པའི་ཕྱོགས་བསྡུས་ཅན་ཞིག་ཡིན་པས། གཏེར་ལེན་ཁ་གྲོང་ཁྱེར་དང་མཐའ་འཁོར་གྱི་སྡོད་དམངས་དང་། གནས་སྐོར་བར་འཇིག་རྟེན་ཁམས་ཀྱི་ངོ་མཚར་དང་རང་བྱུང་ཁྱད་མཚར། ཚན་རིག་གི་གཟི་ཉམས་བཅས་ངོམས་པའི་ཚན་རྩལ་ཁྱབ་བརྡལ་དུ་གཏོང་བའི་བྱ་འགུལ་ཁང་ཞིག་རེད།
  • ལེ་ཚན་སྔོན་མ།:ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་བཅུ་ལྷག་ལ་ཤི་རྨས་བཟོས་པ།
  • ལེ་ཚན་རྗེས་མ།:ཁུན་ནེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་ལྔ་བཅུ་ལྷག་ལ་ཤི་རྨས་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།