ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་བཅུ་ལྷག་ལ་ཤི་རྨས་བཟོས་པ།

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-14

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པུར་ནས་ཚེས་བཅུ་གཉིས་ཉིན་རང་སྲོག་བཅད་དེ་འགད་རྫས་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་བྱུང་ནས། འཇབ་རྒོལ་པ་དང་བཅས་པའི་མི་གསུམ་འགས་གཏོར་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་བཅུ་ལ་རྨས་ཕོག
 འགས་གཏོར་ནི་ས་དེའི་ཞོགས་པའི་དུས་ཚོད་བརྒྱད་ཡས་མས་སུ་བྱུང་བ་རེད། གནས་ཚུལ་དེ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མི་ཞིག་གིས་འཕྲུལ་རྟ་ཞིག་བསྐོར་ཏེ་སྲིད་གཞུང་གི་གླ་བ་དྲུད་པའི་རླངས་འཁོར་ཆེན་པོ་ཞིག་གི་འགྲམ་དུ་ཐོན་རྗེས་འགད་རྫས་འགས་གཏོར་བཏང་བྱུང་ཟེར།
 འགས་གཏོར་དོན་རྐྱེན་ཁྲོད་ནས་འཇབ་རྒོལ་བ་དང་བཅས་པའི་མི་གསུམ་རྐྱེན་ལམ་དུ་ཤོར་བ་ལ། འགས་གཏོར་བྱུང་སའི་མཐའ་འཁོར་དང་རླངས་འཁོར་ནང་གི་མི་བཅུ་ལྷག་ལ་རྨས་ཕོག འགས་གཏོར་ཁྲོད་ནས་ད་དུང་མཐའ་འཁོར་གྱི་ཁང་པར་ཡང་གཏོར་བརླག་ཐེབས་པ་དང་། ཁང་བའི་ཤེལ་སྒོ་མང་པོ་ཆག
 ཟླ་བརྒྱད་ཙམ་ལ་ལྷིང་འཇགས་བྱུང་རྗེས། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པུར་ནས་ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་ནས་བཟུང་བསྟུད་མར་འགས་རྫས་འགས་གཏོར་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་།
  • ལེ་ཚན་སྔོན་མ།:ཅིན་ཀྲིན་རི་ཡིས་དུས་ནམ་ཡང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་བྱེད་དགོས་པ་ནན་བཤད་བྱས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་མ་འོངས་པར་མཚོ་སྔོན་ག
  • དོ་སྣང་ཆེ་བའི་རྩོམ།