ཐུ་ནི་ཞི་ཡཱ་རྒྱལ་ཁབ་ཀྱིས་དྲག་ཤུགས་ཉེས་མཁན་སྐོར་ཞིག་འཛིན་བཟུང་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-17

ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐུ་ནི་ཞི་ཡཱ་རྒྱལ་ཁབ་ཀྱི་བདེ་འཇགས་དམག་དཔུང་དང་ཉེན་རྟོག་པ། རྒྱལ་དམངས་བདེ་སྲུང་རུ་ཁག་བཅས་ཀྱིས་མཉམ་འབྲེལ་འགུལ་བསྐྱོད་སྤེལ་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་དྲག་ཤུགས་ཉེས་མཁན་སྐོར་ཞིག་འཛིན་བཟུང་བྱས་པར་མ་ཟད། ཁོ་ཚོར་ཁྲིམས་ལྟར་འདྲི་གཅོད་བྱེད་རྒྱུ་ཡིན་ཟེར།
 ནང་སྲིད་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་ཆེད། ཐུ་ནི་ཞི་ཡཱ་རྒྱལ་ཁབ་ཀྱི་བདེ་འཇགས་དམག་དཔུང་དང་ཉེན་རྟོག་པ། རྒྱལ་དམངས་བདེ་སྲུང་རུ་ཁག་བཅས་ཀྱིས་ཚེས་བཅུ་དྲུག་ཉིན་མཉམ་འབྲེལ་འགུལ་བསྐྱོད་སྤེལ་ཏེ། གྲོང་ཁྱེར་དང་སྡོད་དམངས་འདུས་སྡོད་ས་ཁུལ་རེ་འགའ་ནས་དྲག་ཤུགས་དོན་རྐྱེན་བཟོ་བ་དང་སྡོད་དམངས་ལ་འཇིགས་ཉེན་བཟོ་རྩིས་ཡོད་པའི་ཉེས་ཅན་སྐོར་ཞིག་འཛིན་བཟུང་བྱས་པ་དང་། བྱ་སྤྱོད་དེ་ནི་གང་མགྱོགས་སྒོས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་བདེ་འཇགས་དང་བརྟན་འཇགས་སྒྲིག་ལམ་སླར་གསོ་བྱེད་པའི་ཆེད་དུ་ཡིན་ཟེར།
 བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་མཉམ་འབྲེལ་འཛིན་བཟུང་འགུལ་བསྐྱོད་ལ་ས་ཁུལ་སོ་སོའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་དང་། དེ་ལས་རྒྱ་ཆེའི་མི་དམངས་ཀྱིས་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་པར་རེ་སྒུག་བྱེད་པ་མཚོན་ཡོད་ཟེར། ཐུ་ནི་ཞི་ཡཱ་རྒྱལ་ཡོངས་ཀྱི་གནས་བབ་མིག་སྔར་ཞི་འཇགས་སུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་འཚོ་བ་བཅས་གང་མགྱོགས་སྒོས་རྒྱུན་ལྡན་དུ་འགྱུར་བར་བྱས་ནས་རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་དགོས་ཟེར།
  • ལེ་ཚན་སྔོན་མ།:ཁུན་ནེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་ལྔ་བཅུ་ལྷག་ལ་ཤི་རྨས་བྱུང་བ།
  • ལེ་ཚན་རྗེས་མ།:དབྱི་རག་དབུས་ཕྱོགས་གྲོང་ཁྱེར་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་
  • དོ་སྣང་ཆེ་བའི་རྩོམ།