ཨ་ཧྥུའུ་ཧན་ནུབ་ཕྱོགས་ས་ཁུལ་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-05

ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་ཞིག་གིས་ཚེས་གསུམ་ཉིན་བཤད་རྒྱུར། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཧི་ལཱ་ཐི་གྲོང་ཁྱེར་ནས་ཉིན་དེའི་སྔ་དྲོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག་ཟེར།
 ཉེན་རྟོག་དཔོན་པོ་དེས་བཤད་རྒྱུར། སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཧི་ལཱ་ཐི་གྲོང་ཁྱེར་དུ་ཡོད་པའི་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་གི་ཉེ་འདབས་སུ་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་བཞི་ལ་རྨས་ཕོག་ཟེར།
 རྨས་མ་བཞིའི་ཁྲོད་ཉེན་རྟོག་པ་གསུམ་ཡོད་པ་དང་། གཞན་རྨས་མ་གསུམ་ནི་ལམ་འགྲོ་བ་རེད། ཉེན་རྟོག་ཕྱོགས་ཀྱིས་བལྟས་ན་ཐཱ་ལེ་པན་གྱིས་འགས་གཏོར་དོན་རྐྱེན་དེ་བཟོས་པ་ཡིན་ལ། དམིགས་ཡུལ་ནི་ས་ཁུལ་དེའི་བདེ་འཇགས་དང་བརྟན་འཇགས་ལ་གཏོར་བརླག་བྱེད་པའི་ཆེད་དུ་རེད་ཟེར།
 དེ་ནི་ཉིས་སྟོང་བཅུ་གཅིག་ལོར་ཧི་ལཱ་ཐི་ཞིང་ཆེན་ནས་བྱུང་བའི་འགས་གཏོར་དོན་རྐྱེན་ཐོག་མ་རེད། མིག་སྔར་ཐཱ་ལེ་པན་ཕྱོགས་ཀྱིས་ད་རུང་དོན་རྐྱེན་དེའི་ཐད་རྣམ་འགྱུར་ཅི་ཡང་བསྟན་མེད།
  • ལེ་ཚན་སྔོན་མ།:ཨོ་སི་ཁྲུ་ལི་ཡཱའི་ཤར་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་བ
  • ལེ་ཚན་རྗེས་མ།:ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གིས་ཨ་ཧྥེ་རི་ཁ་ལྷོ་མས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་
  • དོ་སྣང་ཆེ་བའི་རྩོམ།