བསོད་ནམས་ཚེ་རིང་། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-01-05
ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཏུ་ཉེ་སྔོན་བསྟུད་མར་དྲག་ཆར་བབས་ཏེ། ཤར་ཕྱོགས་ཀྱི་ཁོན་ཧྲི་ལན་ཀྲིག་ནས་གཙང་ལག་རྒྱས་ཏེ་མཁར་གྲོང་མང་བོ་ཆུས་བསྣུབས་ནས་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་བཟོས། ཆར་བ་ཇེ་ཆུང་ལ་སོང་ཡོད་ཀྱང་གཙང་བོ་སྔར་བཞིན་རྒྱས་ཡོད། ཚོད་དཔག་བྱས་ན་མཁར་གྲོང་རེ་འགའ་ཆུའི་བསྣུབས་ནས་གཟའ་འཁོར་གཅིག་ལྷག་འགོར་ཡོད་ལ། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་གྲོན་དངུལ་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་འགའ་ལ་བསླེབ་ངེས་རེད།
ཨོ་སི་ཁྲུ་ལི་ཡཱའི་ཤར་ཕྱོགས་ས་ཁུལ་དུ་བསྟུད་མར་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་། ཁོན་ཧྲི་ལན་དང་ཝེ་ཨར་ཧྲི་ལྷོ་མ་ཀྲིག་གཉིས་ཁོ་ནའི་དཔལ་འབྱོར་གྱི་གྱོང་གུད་ཨོ་སི་ཁྲུ་ལི་ཡཱའི་སྒོར་མོ་དུང་ཕྱུར་དྲུག་ཅུ་ལྷག་ལ་བསླེབས་ཡོད། ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་འཕྲལ་སྒྲུབས་རོགས་སྐྱོར་འཆར་གཞི་སྤེལ་མགོ་བརྩམས་ཏེ་མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱས།
ཁོན་ཧྲི་ལན་ཀྲིག་ནས་ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་ལས་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མཁར་གྲོང་ཉེར་གཉིས་ཆུས་བསྣུབས། མི་འབུམ་གཉིས་ལྷག་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱས། ལོ་གསར་བ་ཚེས་མ་ཐག་ཁོན་ཧྲི་ལན་ཀྲིག་གི་གཙང་འགྲམ་ས་ཁུལ་གྱི་གཙང་ལག་རིམ་བཞིན་རྒྱས་པ་དང་། ས་ཁུལ་རེ་འགའི་ཆུའི་མཐོ་ཚད་སྨིས་དགུ་ལས་བརྒལ་ཡོད་ལ། དབུས་ཕྱོགས་ཀྱི་ལོ་ཁི་ཧན་ཕུའུ་ཏོན་གྲོང་ཁྱེར་གྱི་གནམ་གྲུ་ཐང་གི་སྒོ་བརྒྱབ་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10