ཕུའུ་ཅིན་གྱིས་མེ་ཏི་བེ་ཅེ་ཧྥུ་དང་མཉམ་དུ་གྲོས་མོལ་བྱས་ཏེ་སྐབས་རྗེས་མའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཐག་གཅོད་བྱེད་རྒྱུ་ཡིན་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2010-12-31

ཨུ་རུ་སུའི་ཙུང་ལི་ཕུའུ་ཅིན་གྱིས་ཚེས་ཉེར་དགུ་ཉིན་བསྟན་དོན། ཁོས་ཙུང་ཐུང་མེ་ཏི་བེ་ཅེ་ཧྥུ་དང་མཉམ་དུ་ཉིས་སྟོང་བཅུ་གཉིས་ལོའི་ཙུང་ཐུང་འདེམ་བསྐོ་ལ་ཞུགས་པའི་མི་སྣའི་ཐད་ནས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
 ཕུའུ་ཅིན་གྱིས་ད་ལོའི་ཆེས་མཇུག་མཐའི་སྲིད་གཞུང་བྱ་བའི་གྲོས་ཚོགས་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཉིས་སྟོང་བཅུ་གཉིས་ལོའི་ཙུང་ཐུང་འདེམ་བསྐོ་ལ་སུ་ཞུགས་པར་གླེང་མོལ་བྱེད་པ་ད་རུང་སྔ་དྲགས་འདུག རྒྱུ་མཚན་ནི་གནད་དོན་དེ་གླེང་མགོ་བརྩམས་ན། མི་ཚང་མས་མྱུར་དུ་བྱ་བའི་མཚམས་བཞག་སྟེ་མགོ་ཁྲིད་མི་སྣའི་འགྱུར་ལྡོག་ལ་རེ་སྒུག་བྱེད་ངེས་པས་རེད་ཟེར།
 ཕུའུ་ཅིན་དང་མེ་ཏི་བེ་ཅེ་ཧྥུ། དེ་མིན་ཁོ་ཚོའི་ཉེ་འགྲམ་གྱི་མིས་རྒྱུན་དུ་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོ་ལ་ཞུགས་པའི་མི་སྣའི་གནད་དོན་གླེང་བར་བྱེད་པ་དང་། ཁྱད་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གསར་འགྱུར་ལས་རིགས་ཀྱིས་རྒྱུན་དུ་འུ་སྒྲོག་བྱེད་བཞིན་ཡོད་ལ། གནད་དོན་དེར་ཨུ་རུ་སུའི་རྒྱལ་ནང་དུའང་ཚོད་དཔག་གི་སྣང་ཚུལ་མང་བོ་བྱུང་ཡོད།
  • ལེ་ཚན་སྔོན་མ།:ཨོ་པཱ་མཱ་ཡིས་རྒྱལ་ཚོགས་གྲོས་ཞུགས་ཁང་ལ་ཁ་ཡ་མ་བྱས་པར་གཞུང་ཚབ་པ་བཞི་བསྐོ་འཇོག་བྱས་པ།
  • ལེ་ཚན་རྗེས་མ།:ཨོ་སི་ཁྲུ་ལི་ཡཱའི་ཤར་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་བ
  • དོ་སྣང་ཆེ་བའི་རྩོམ།