ཨོ་པཱ་མཱ་ཡིས་རྒྱལ་ཚོགས་གྲོས་ཞུགས་ཁང་ལ་ཁ་ཡ་མ་བྱས་པར་གཞུང་ཚབ་པ་བཞི་བསྐོ་འཇོག་བྱས་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2010-12-31

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་དགུ་ཉིན་རྒྱལ་ཚོགས་གྲོས་ཞུགས་ཁང་ལ་ཁ་ཡ་མ་བྱས་པར་གྲོས་ཚོགས་མ་བསྡུས་པར་བསྐོ་འཇོག་བྱེད་པའི་དབང་ཆ་བེད་སྤྱོད་བྱས་ཏེ། སི་རི་ཡཱ་དང་ཐུར་ཁེ། ཨ་སེ་པེད་ཅང་། ཅེ་ཁི་བཅས་སུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པ་བསྐོ་འཇོག་བྱས།
 ཨོ་པཱ་མཱ་ཡིས་ཉིན་དེར་ལོ་པོ་ཐི་ཧྥུ་ཐི་སི་རི་ཡཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པའི་འགན་ཁུར་དུ་བཅུག་པ་དང་། ལི་ཧཱ་ཨར་ཏོ་ནེ་ལ་ཐུར་ཁེ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པའི་འགན་ཁུར་དུ་བཅུག པུའུ་ལེ་ཀྲ་ལ་ཨ་སེ་པེད་ཅང་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པའི་འགན་ཁུར་དུ་བཅུག ཨེ་སུན་ལ་ཅེ་ཁི་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པའི་འགན་ཁུར་དུ་བཅུག་པ་རེད།
 ཕོ་བྲང་དཀར་པོས་གཞུང་ཚབ་ཆེན་མོ་འགའི་འདེམ་སྒུག་མི་སྣའི་མིང་ཐོ་རྒྱལ་ཚོགས་ལ་སྤྲད་ཀྱང་། གྲོས་ཞུགས་ཁང་གིས་དེར་འདེམ་ཤོག་འཕང་ནས་ཆོག་མཆན་འགོད་པར་ཁས་ལེན་མ་བྱས་པ་དང་། རྒྱུ་མཚན་ནི་གྲོས་ཞུགས་གྲོས་མི་ཁག་ཅིག་གིས་རྒྱལ་ཁབ་རེ་འགར་གཞུང་ཚབ་པ་མངག་པ་དང་གཞུང་ཚབ་པའི་འདེམ་སྒུག་མི་སྣར་བསམ་འཆར་ཆེན་པོ་ཡོད་པས་རེད།
  • ལེ་ཚན་སྔོན་མ།:ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་ལ་ཤི་རྨས་ཐེབས་པ།
  • ལེ་ཚན་རྗེས་མ།:ཕུའུ་ཅིན་གྱིས་མེ་ཏི་བེ་ཅེ་ཧྥུ་དང་མཉམ་དུ་གྲོས་མོལ་བྱས་ཏེ་སྐབས་རྗེས་མའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཐག་
  • དོ་སྣང་ཆེ་བའི་རྩོམ།