ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་ལ་ཤི་རྨས་ཐེབས་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2010-12-30

ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཁི་ཐིས་ཁཱ་ཞིང་ཆེན་གྱི་པཱ་ཨར་མཱ་ཨར་ས་ཁུལ་ནས་ཚེས་ཉེར་དགུ་ཉིན་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་ཕོག
 ཕཱ་ཁི་ཐིས་ཁཱ་ཞིང་ཆེན་གྱི་ཉེན་རྟོག་པའི་སྤྱི་ལྟ་སྐུལ་བ་ཀྲ་ཏི་ལན་གྱིས་བཤད་རྒྱུར། ཉིན་དེའི་ཉིན་གུང་དུས་ཚོད་བཅུ་གཉིས་དང་སྐར་མ་བཅོ་ལྔའི་ཡས་མས་སུ། པཱ་ཨར་མཱ་ཨར་ས་ཁུལ་གྱི་ཀུན་འདུས་ཁྲོམ་ར་ཞིག་ནས་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་ཨ་ཧྥུའུ་ཧན་གྱི་རྒྱལ་དམངས་དམག་མི་འགའི་ཉེ་འདབས་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། དམག་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་དམག་མི་གཉིས་དང་མི་སེར་དཀྱུས་མ་ལྔ་ལ་རྨས་ཕོག འཇབ་རྒོལ་མཁན་ཡང་རྐྱེན་ལམ་དུ་ཤོར་བ་རེད་ཟེར།
 ཀྲ་ཏི་ལན་གྱིས་བཤད་རྒྱུར། སྐབས་དེར་རྒྱལ་དམངས་དམག་མི་དེ་དག་གིས་ཀུན་འདུས་ཁྲོམ་ར་དེར་དངོས་པོ་ཉོ་རྩིས་ཡོད་པ་རེད། མིག་སྔར་རྨས་མའི་གནས་ཚུལ་ཅུང་བཟང་།
 མིག་སྔའི་བར་དུ་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེར་རྣམ་འགྱུར་ཅི་ཡང་མ་བསྟན།
  • ལེ་ཚན་སྔོན་མ།:ཧན་གོའི་རྒྱལ་སྲུང་པུའུ་ཡིས་དམག་དཔུང་གི་མཐོ་རིམ་བཀོད་འདོམ་མ་ལག་ལེགས་བཅོས་བྱེད་རྒྱུའི་འཆར་གཞི་བཀོད་པ།
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་ཡིས་རྒྱལ་ཚོགས་གྲོས་ཞུགས་ཁང་ལ་ཁ་ཡ་མ་བྱས་པར་གཞུང་ཚབ་པ་བཞི་བསྐོ་འཇོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།