ཧན་གོའི་རྒྱལ་སྲུང་པུའུ་ཡིས་དམག་དཔུང་གི་མཐོ་རིམ་བཀོད་འདོམ་མ་ལག་ལེགས་བཅོས་བྱེད་རྒྱུའི་འཆར་གཞི་བཀོད་པ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2010-12-30

 ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དགུ་ཉིན་དམག་དཔུང་གི་མཐོ་རིམ་བཀོད་འདོམ་མ་ལག་ལེགས་བཅོས་བྱེད་རྒྱུའི་འཆར་གཞི་ཡོད་པའི་བསམ་ཚུལ་བསྟན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚན་མུའུ་པུའུ་ཡི་གྲོས་བསྡུར་དཔོན་པོ་ལས་ཀྱང་རིམ་པ་མཐོ་བའི་མཉམ་འབྲེལ་དམག་དཔུང་སི་ལིན་གྱི་གོ་གནས་འཛུགས་རྒྱུ་ཡིན་པ་དང་། མིག་སྔའི་སྐམ་དམག་དང་མཚོ་དམག མཁའ་དམག་བཅས་ཀྱི་ལས་ཁུངས་དེ་སྐམ་དམག་དང་མཚོ་དམག མཁའ་དམག་བཅས་ཀྱི་སི་ལིན་པུའུ་རུ་བཅོས་སྒྲིག་བྱེད་རྒྱུ་རེད།
 ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་ཕྱི་དྲོར་ཙུང་ཐུང་ལིས་མེན་པོ་ལ་གོང་གི་ནང་དོན་འདུས་པའི་ལོ་གསར་བའི་བྱ་བའི་འཆར་གཞི་སྙན་ཞུ་བྱས། རྒྱལ་སྲུང་པུའུ་ཡིས་བསྟན་དོན། ལོ་གསར་བའི་དམིགས་འབེན་ཆེན་པོ་གསུམ་ནི་ཁྲའོ་ཞན་གྱི་དཀྲུགས་འཕེན་བྱ་སྤྱོད་ཐག་གཅོད་བཟང་བོ་བྱེད་པ་དང་། འཐབ་འཛིང་རང་བཞིན་གྱི་དམག་དཔུང་གསོ་སྐྱོང་བྱེད་པ། ཚད་མཐོ་བའི་རྒྱལ་སྲུང་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་པ་བཅས་ཡིན་ཟེར། ལོ་གསར་བའི་བྱ་བའི་འཆར་གཞི་ལས་ད་རུང་དུས་ཡུན་ཐུང་འབྲིང་རིང་གསུམ་གྱི་རྒྱལ་སྲུང་བཅོས་བསྒྱུར་གྲོས་གཞི་སྣ་དོན་གསུམ་བཏོན་ཡོད།
  • ལེ་ཚན་སྔོན་མ།:ཨ་ལོས་ཡཱ་ནཱ་མེ་ཤུགས་འཕུར་མདས་འཕྲིན་གཏོང་འཁོར་སྐར་གཉིས་བདེ་བླག་ངང་བར་སྣང་དུ་གཏོང་འཕེན་བྱས་པ།
  • ལེ་ཚན་རྗེས་མ།:ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་ལ་ཤི་རྨས་ཐེབས་པ།
  • དོ་སྣང་ཆེ་བའི་རྩོམ།