དབྱི་རག་ནས་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་།        2010-12-28

དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཉིན་དེར་དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་མཱ་ཏིས་ཀྱི་སྲིད་གཞུང་ཐོག་ཁང་ཆེན་མོའི་ཕྱི་རོལ་ནས་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། མིག་སྔར་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུ་ལ་རྨས་ཕོག་ཟེར།
 ཨན་པཱ་ཨར་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་ལས་ཉེན་རྟོག་པ་ལྔ་དང་བཅས་པའི་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་བཞི་བཅུ་ལ་རྨས་ཕོག དེའི་ནང་ཉེན་རྟོག་པ་དགུ་ཡོད་ཟེར།
 ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་སྔ་དྲོར། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་འགད་རྫས་དྲུད་པའི་རླངས་འཁོར་ཞིག་སྐོར་ནས་གྲོང་ཁྱེར་ལྟེ་གནས་ཀྱི་སྲིད་གཞུང་ཐོག་ཁང་ཆེན་མོའི་སྒོ་ཁའི་ཞིབ་བཤེར་ས་ཚིགས་སུ་སོང་བ་དང་། ཞིབ་བཤེར་ས་ཚིགས་དེ་ནས་འགད་རྫས་འགས་གཏོར་བཏང་། དེ་དང་དུས་མཉམ་དུ་འགད་རྫས་ཀྱི་ལྭ་བ་གྱོན་པའི་འཇབ་རྒོལ་མཁན་གཞན་ཞིག་གིས་ཉེ་འདབས་ཀྱི་དངུལ་ཁང་ཞིག་གི་སྒོ་ཁ་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད་ཟེར།
  • ལེ་ཚན་སྔོན་མ།:ཕན་ཅི་བུན་གྱིས་ནེ་ཀྲིར་ཡཱ་ནས་བྱུང་བའི་ཆོས་ལུགས་ཀྱི་དྲག་ཤུགས་འཁྲུག་རྩོད་ལ་རྒོལ་གཏམ་བཏང་བ།
  • ལེ་ཚན་རྗེས་མ།:ཨ་ལོས་ཡཱ་ནཱ་མེ་ཤུགས་འཕུར་མདས་འཕྲིན་གཏོང་འཁོར་སྐར་གཉིས་བདེ་བླག་ངང་བར་སྣང་དུ་གཏོང་འཕེན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།