རྒྱ་གར་གྱི་བྱང་ཕྱོགས་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ།

        2010-12-09

རྒྱ་གར་བྱང་ཕྱོགས་ཀྱི་ཝ་ལ་ན་ཅི་གྲོང་ཁྱེར་གྱི་དགོན་པ་ཞིག་གི་ཕྱི་རོལ་ནས་ཚེས་བདུན་ཉིན་གྱི་དགོང་མོར་འཇིགས་སྐུལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས། ལོ་གཉིས་ཅན་གྱི་བུ་མོ་ཆུང་ཆུང་ཞིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ཙམ་ལ་རྨས་ཕོག རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་རྒྱལ་དམངས་ཀྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།
 རྒྱ་གར་སྐུད་ཡོད་རྒྱང་སྒྲོག་བརྙན་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ས་དེའི་ཚེས་བདུན་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་དང་ཕྱེད་ཀ་ཡས་མས་སུ། ཝ་ལ་ན་གྲོང་ཁྱེར་གྱི་དགོན་པ་ཞིག་གི་ཕྱི་རོལ་ནས་གློ་བུར་དུ་འགས་གཏོར་བྱུང་བ་དང་། དེའི་རྗེས་སུ་མང་ཚོགས་འཚང་ཁ་བརྒྱབ་པའི་དོན་རྐྱེན་བྱུང་ནས། ཆོས་ལུགས་བྱ་འགུལ་ལ་ཞུགས་པའི་མི་མང་པོར་རྨས་ཕོག་པས། ས་དེའི་ཉེན་རྟོག་པས་རྨས་མ་རྣམས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཟེར།
 རྒྱ་གར་གྱི་ནང་སྲིད་དྲུང་ཡིག་ཕིས་ལའེ་ཡིས་དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་རེད་ཅེས་བཤད།
 རྒྱ་གར་གྱི་འཇིགས་སྐུལ་རྩ་འཛུགས་རྒྱ་གར་འཐབ་མཆོག་པ་ཞེས་པས་ཚེས་བདུན་ཉིན་གྱི་དགོང་མོར་བཤད་རྒྱུར། བྱང་ཕྱོགས་ཀྱི་འགས་གཏོར་དོན་རྐྱེན་དེ་ནི་རྩ་འཛུགས་དེས་བཟོས་པ་ཡིན་ཟེར།
 འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་བྱུང་རྗེས། རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་དེར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། རྒྱལ་ཡོངས་མི་དམངས་ཀྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། དེ་དང་མཉམ་དུ་དྷེ་ལེ་གསར་བ་དང་མིན་མད། པན་ཅ་ལོ་ཨར་སོགས་གྲོང་ཁྱེར་གཙོ་བོ་ནས་འཇིགས་སྐུལ་འཇབ་རྒོལ་དེའི་རིགས་བྱུང་བར་དོགས་ཟོན་མཐོན་པོ་བྱས།
 
  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོ་ཐི་ཏེ་ཝའི་འདེམ་བསྐོ་ཆེན་མོ་ལས་བྱུང་བའི་ཟིང་འཁྲུག་ལ་སེམས་ཁུར་བྱེད་བཞིན་པ།
  • ལེ་ཚན་རྗེས་མ།:དབྱི་ལང་གིས་རྒྱལ་ཁབ་དྲུག་དང་མཉམ་དུ་དྲང་བདེན་གྱི་གྲོས་མོལ་བྱེད་འདོད་ཡོད་ཅེས་བསྐྱར་སྒྲོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།