མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོ་ཐི་ཏེ་ཝའི་འདེམ་བསྐོ་ཆེན་མོ་ལས་བྱུང་བའི་ཟིང་འཁྲུག་ལ་སེམས་ཁུར་བྱེད་བཞིན་པ།

        2010-12-09

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁོ་ཐི་ཏེ་ཝ་རུ་འདེམ་བསྐོའི་ཆེན་མོའི་རྗེས་སུ་ཟིང་འཁྲུག་བྱུང་བས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བདུན་ཉིན་ནས་བཟུང་ཁོ་ཐི་ཏེ་ཝ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་སྐོར་ཞིག་ཕྱིར་འཐེན་བྱེད་མགོ་བརྩམས་པ་ཡིན་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཤིག་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་ཕྱིར་འཐེན་བྱེད་པའི་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བ་སྒྲུབ་མཁན་དེ་དག་ཁོ་ཐི་ཏེ་ཝ་ནས་ཕྱིར་འཐེན་བྱེད་མགོ་བརྩམས་ཟེར།
 མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ཀྱིས་དེའི་སྔོན་ལ་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁི་ཐི་ཏེ་ཝ་རུ་ཡོད་པའི་བྱ་བ་སྒྲུབ་མཁན་བཞི་བརྒྱ་དང་དྲུག་ཅུ་ཕྱིར་འཐེན་བྱེད་རྒྱུ་ཡིན་ལ། དེའི་རྒྱུ་མཚན་ནི་ཁོ་ཐི་ཏེ་ཝའི་ཙུང་ཐུང་འདེམ་བསྐོའི་ཁྲོད་ནས་ཙུང་ཐུང་གཉིས་བྱུང་བ་དང་གཉིད་ཀས་སྔ་གཞུག་ཏུ་ལས་འགན་འཁུར་བར་དམ་བཅས་པ་དེར་བརྟེན་ནས། རྒྱལ་ཁབ་དེ་རུ་ཟིང་འཁྲུག་འབྱུང་བར་སྐྲག་པ་ཡིན་ཟེར།
 གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་ཚེས་དྲུག་ཉིན་གསར་འགོད་པའི་ཚོགས་འདུའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཁོ་ཐི་ཏེ་ཝའི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པ་མང་པོར་འབྲེལ་འདྲིས་ཟབ་མོ་བྱས་ཞེས་བཤད་ཟེར།
 
  • ལེ་ཚན་སྔོན་མ།:ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དྲུག་པ་ཀོང་ཀྲོའུ་རུ་གཟབ་རྒྱས་ངང་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:རྒྱ་གར་གྱི་བྱང་ཕྱོགས་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།