ཕན་ཅི་བུན་གྱིས་ཀང་གོའི་བཙན་གཡེམ་བྱེད་པའི་དོན་རྐྱེན་ལས་ཞི་བདེར་ཤུགས་སྣོན་པའི་གལ་ཆེན་རང་བཞིན་འབུར་ཐོན་དུ་མངོན་ཡོད་ཟེར།

བསོད་ནམས་ཚེ་རིང་།        2010-08-27

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས25ཉིན་བཤད་རྒྱུར། ཀང་གོ་རྒྱལ་ཁབ་ནས་ཉེ་སྔོན་བྱུང་བའི་གཞི་རྒྱ་ཆེ་བའི་བཙན་གཡེམ་གྱི་དོན་རྐྱེན་ལས་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་འབུར་ཐོན་དུ་མངོན་ཡོད་པ་དང་། ཁོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཁྲུག་རྩོད་བྱུང་བའི་ས་ཁུལ་གྱི་མི་སེར་དཀྱུས་མའི་སྲུང་སྐྱོབ་ལ་ཇི་ལྟར་ཤུགས་སྣོན་པར་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བཏང་། ཕན་ཅི་བུན་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྐབས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀང་གོ་སོགས་འཁྲུག་རྩོད་བྱུང་བའི་ས་ཁུལ་ནས་ཇི་ལྟར་བྱ་བ་མང་བོ་སྒྲུབས་ནས་ཞི་བདེ་སྲུང་སྐྱོབ་འགུལ་བསྐྱོད་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཅང་མ་འགོར་བའི་སྔོན་ལ་ཀང་གོ་རྒྱལ་ཁབ་ནས་དྲག་ཆས་མི་སྣས་བུད་མེད་དང་བྱིས་པར་གནོད་བསྐྱེལ་དྲག་སྤྱོད་བྱུང་བ་ལས་ཀང་གོའི་ཤར་ཕྱོགས་ས་ཁུལ་དུ་བདེ་འཇགས་མིན་པའི་ཟང་ཟིང་གི་གནད་དོན་གནས་ཡོད་པ་མཚོན་ལ། འཁྲུག་རྩོད་བྱུང་བའི་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པ་མཚོན་ཡོད་ཟེར། ཕན་ཅི་བུན་གྱིས་བསྟན་དོན། ཁོས་ཀང་གོ་སྲིད་གཞུང་གིས་དོན་རྐྱེན་དེར་རྟོག་ཞིབ་བྱས་ཏེ་དོན་རྐྱེན་བཟོ་མཁན་ལ་ཁྲིམས་ཐག་ནན་མོ་གཅོད་དགོས་པར་མ་ཟད། མུ་མཐུད་དུ་ཤར་ཕྱོགས་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ཀྱི་རྣམ་པ་ལེགས་བཅོས་བྱེད་པར་འབད་བརྩོན་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཟེར། །
  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་མི་ཉུང་འཕྲིའི་གྲོས་ཚོགས་འཇར་པན་གྱི་ཆི་ཡུས་ནས་བསྡུས་པ།
  • ལེ་ཚན་རྗེས་མ།:ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་པུའུ་ཀྲང་གྲོས་ཚོགས་སྐབས་ཞེ་གཉིས་པ་ནས་སྔར་ལས་ལྷག་པའི་སྒོ་ནས་
  • དོ་སྣང་ཆེ་བའི་རྩོམ།