ཨ་མེ་རི་ཁ་དང་རྒྱ་གར་གྱི་བྱ་ཤའི་རྩོད་གླེང་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ལ་དངོས་སུ་སྤྲད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-03-09

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚེས6ཉིན་རི་ནེ་ཝ་ནས་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་རྒྱ་གར་བར་གནས་པའི་ཞིང་ཞོར་ཐོན་རྫས་ཁག་ཅིག་གི་ཉོ་ཚོང་རྩོད་གླེང་དེ་དངོས་སུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩོད་གླེང་ཐག་གཅོད་ལས་ཁུངས་ལ་སྤྲད་ཟེར།

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩོད་གླེང་ཐག་གཅོད་ལས་ཁུངས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། ཨ་མེ་རི་ཁ་དང་རྒྱ་གར་གྱི་རྩོད་གླེང་དེ་ཉིན60ཡི་རིང་གི་གྲོས་བསྡུར་འཕེལ་རིམ་བརྒྱུད་དགོས་པ་དང་། དུས་སྐབས་དེའི་ནང་ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་འགལ་བ་མེད་པར་བཏང་སྟེ་ཧུར་ཐག་སྒོས་རྩོད་གླེང་ཐག་གཅོད་བྱེད་པའི་ཇུས་གཞི་ལ་གྲོས་མཐུན་འགོད་རྒྱུ་རེད།

གྲོས་མོལ་གྱི་འཕེལ་རིམ་ཁྲོད་གནད་དོན་དེ་དུས་ལྟར་ཐག་གཅོད་བྱེད་མ་ཐུབ་ཚེ། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་རྩོད་གླེང་ཐག་གཅོད་ལས་ཁུངས་ཀྱིས་ཆེད་མཁས་ཚན་ཆུང་མངག་གཏོང་བྱས་ཏེ་བར་འདུམ་བྱེད་པའི་རེ་ཞུ་བྱེད་པའི་དབང་ཆ་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ཅ་ཆིན་ལིན་གྱིས་གསུང་བཤད་གནང་བར་ཕྱི་རྒྱལ་གྱིས་དོ་ཁུར་ཆེན་པོ་བྱས་པ།
  • ལེ་ཚན་རྗེས་མ།:ཧན་གོ་དང་ཨ་རིའི་རང་དབང་འབྱོར་འཚོང་གན་རྒྱ་ནུས་ལྡན་དུ་གྱུར་བ།
  • དོ་སྣང་ཆེ་བའི་རྩོམ།