ཧན་གོ་དང་ཨ་རིའི་རང་དབང་འབྱོར་འཚོང་གན་རྒྱ་ནུས་ལྡན་དུ་གྱུར་བ།
ཕག་རྡོར། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-03-16
ཧན་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་རང་དབང་འབྱོར་ཚོང་གི་གན་རྒྱ་དེ་ཚེས་བཅོ་ལྔ་ཉིན་ནས་བཟུང་དངོས་སུ་ནུས་ལྡན་དུ་གྱུར་ཡོད། དེང་ཕྱིན་གྱི་ལོ་ལྔའི་ནང་དུ། ཧན་གོ་ཡིས་ཨ་རི་ནས་ཡོང་བའི་བཟོ་ལས་དང་འཛད་སྤྱོད་དངོས་པོའི་ཁྲལ་བརྒྱ་ཆའི་གོ་ལྔ་ཡན་མེད་པར་བཟོ་རྒྱུ་ཡིན་པ་མ་ཟད། རིན་ཐང་ལ་ཨ་སྒོར་ཁྲག་ཁྲིག་ལྔ་ཐེར་ཆེན་བརྒྱད་ཡོད་པའི་ཞབས་ཕྱིའི་ལས་རིགས་ཀྱི་ཁྲོམ་ར་ཡོངས་སུ་སྒོ་ཕྱེས་རྒྱུ་རེད། དེས་ཞིང་ལས་ཐོན་རྫས་སོགས་འགྲན་རྩོད་ཀྱི་ནུས་པ་ཞན་པའི་ཧན་གོའི་ཐོན་ལས་ལ་ཉམས་དམས་ཆེན་པོ་ཐེབས་རྒྱུ་ཡིན་ཕྱིར། ཧན་གོ་རྒྱལ་ནང་དུ་ཧན་གོ་དང་ཨ་རིའི་རང་དབང་འབྱོར་ཚོང་གི་གན་རྒྱ་ལ་བསྟོད་སྨད་གཉིས་ཀྱི་བལྟ་ཚུལ་འབྱུང་བཞིན་ཡོད།