མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ་བ༩པར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཚོ་ལས་ཀར་ཞུགས་པར་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་རྒྱུ།

ཡེ་ཤེས་ཀྱིས་བསྒྱུར།        2016-09-09

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ་བ8པའི་ཚེས30ཉིན་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན།   ཟླ་བ9པའི་ཚེས1ཉིན་ནས་ཟླ་བ9པའི་ཚེས30ཡི་བར2016ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཚོ་ལས་ཀར་ཞུགས་པར་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་རེད།
ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ལས་ཀར་ཞུགས་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་དུད་ཚང་།   ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་།  དབང་པོ་སྐྱོན་ཅན་སོགས་ལས་ཞུགས་བྱེད་རྒྱུར་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་གྲྭའི་སློབ་མ་དང་དུས་ཡུན་རིང་པོར་ལས་ཀ་ཤོར་བ་སོགས་ཀྱི་མཐར་ཕྱིན་སློབ་མ་ཚོ་རོགས་སྐྱོར་བྱ་ཡུལ་གཙོ་བོར་བྱས་ཏེ།    དམིགས་སུ་བཀར་ནས་ལས་རྐང་གི་ཆ་འཕྲིན་ངོ་སྤྲོད་བྱེད་པ་དང་།    དམིགས་སུ་བཀར་ནས་གསོ་སྐྱོང་སྦྱོང་བརྡར་དང་ལྟ་སྦྱོང་ནང་ཞུགས་སུ་འཇུག་པ། དམིགས་སུ་བཀར་ནས་ལས་ལམ་གསར་གཏོད་བྱེད་པར་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱ་རྒྱུ་རེད།།
  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་རྣམས་ཞུགས་པའི་རམ་པ་ཆེས་མཐོ་བའི་གྲོས་ཚོགས་ཧང་ཀྲོའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དགུ་བར་ཞུགས།
  • དོ་སྣང་ཆེ་བའི་རྩོམ།