ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དགུ་བར་ཞུགས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-09-09

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དགུ་བར་ཞུགས།

ཟླ་དགུ་བའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་བན་ཞང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དགུ་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པར་རྗེས་དྲན་བྱེད་པའི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་བཅུའི་མགོ་ཁྲིད་པ་དང་ལའོ་ཝའོ་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དགུ་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་བར་གྱི་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པར་རྗེས་དྲན་བྱེད་པའི་མཐོ་རིམ་གྲོས་ཚོགས་སུ་ཞུགས།

ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་འདས་པའི་ལོ་ཉེར་ལྔའི་རིང་ལ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་བར་གྱི་གྲོས་མོལ་དང་མཉམ་ལས་ཀྱི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་མཛད། ཁོང་གིས་གསུངས་རྒྱུར། ཡིད་ཆེས་གཞི་རྩར་འཛིན་པ་དང་། དྲང་བདེན་གཙོ་བོར་འཛིན་པ། ཁེ་ཕན་ལ་དམིགས་པ། འགྲིག་མཐུན་ཡོང་བར་བྱེད་པ་རྒྱུན་འཁྱོངས་བྱས་ནས། འདས་པའི་ལོ་ཉེར་ལྔའི་རིང་གི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་བཅས་སུ་བཏང་། དེ་རིང་ང་ཚོས་ཀྱང་ཕུགས་འདུན་གསར་བ་དོན་དངོས་གསར་བར་བསྒྱུར་དགོས་ཟེར།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་ལྔ་བཏོན་པ་སྟེ། གཅིག་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་བར་གྱི་འབྲེལ་བའི་ལོ་རྒྱུས་གསར་བ་སྐྲུན་དགོས་པ་དང་། གཉིས་ནི་ཆབ་སྲིད་བདེ་འཇགས་མཉམ་ལས་ཀྱི་མཐུན་རྐྱེན་གསར་བ་སྐྲུན་དགོས། གསུམ་ནི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྒུལ་ཤུགས་གསར་བ་སྐྱེད་སྲིང་བྱེད་དགོས། བཞི་ནི་མི་གཞུང་བརྗེ་རེས་མཉམ་ལས་ཀྱི་རྒྱབ་བརྟེན་གསར་བ་འཛུགས་སྐྲུན་བྱེད་དགོས། ལྔ་ནི་ས་ཁོངས་མཉམ་ལས་ཀྱི་རྣམ་པ་གསར་བ་མཉམ་དུ་གསར་གཏོད་བྱེད་དགོས་པ་བཅས་ཡིན་ཟེར།

གྲོས་ཚོགས་སུ་ཞུགས་པའི་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་བཤད་རྒྱུར། ཀྲུང་གོ་ནི་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཐོན་ནུས་མཉམ་ལས་སོགས་ཀྱི་གྲོས་གཞི་ལ་རྒྱབ་སྐྱོར་བྱས་པ་ཡིན་ཟེར།

ལིས་ཁི་ཆང་གིས་ད་རུང་རྒྱ་མཚོ་ལྷོ་མའི་གནད་དོན་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་མཛད།

གྲོས་ཚོགས་སུ་ཞུགས་པའི་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཀྲུང་གོ་ཕྱོགས་ཀྱིས་རྒྱ་མཚོ་ལྷོ་མའི་བྱ་སྤྱོད་ཚད་གཞིར་གྲོས་མོལ་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་བཏང་བར་གཟེངས་བསྟོད་བྱས་པར་མ་ཟད། མཉམ་དུ་རྒྱ་མཚོ་ལྷོ་མའི་ཕྱོགས་སོ་སོའི་བྱ་སྤྱོད་སྒྲོག་གཏམ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། གྲོས་མོལ་བྱས་པ་བརྒྱུད་དེ་རྒྱ་མཚོ་ལྷོ་མའི་རྩོད་གཞི་ཞི་བའི་སྒོ་ནས་ཐག་གཅོད་བྱེད་འདོད་ཡོད་ཟེར། 
གྲོས་ཚོགས་མ་ཚོགས་གོང་། ལིས་ཁི་ཆང་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་བར་གྱི་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པར་རྗེས་དྲན་བྱེད་པའི་མཛད་སྒོར་ཞུགས།

  • ལེ་ཚན་སྔོན་མ།:མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ་བ༩པར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཚོ་ལས་ཀར་ཞུགས་པར་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་རྒྱུ།
  • ལེ་ཚན་རྗེས་མ།:ཨེ་ཅིབ་དང་ཞི་ལཱ་ཡིས་ས་དཀྱིལ་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།