རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་རྣམས་ཞུགས་པའི་རམ་པ་ཆེས་མཐོ་བའི་གྲོས་ཚོགས་ཧང་ཀྲོའུ་རུ་འཚོགས།

གངས་སྐྱིད་ཀྱིས་བསྒྱུར།        2016-09-09

ཞིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་བ9པའི་ཚེས4ཉིན་འབྱོར་བའི་གཏམ་གསར།    རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་རྣམས་ཞུགས་པའི་སྐབས་བཅུ་གཅིག་པའི་རིམ་པ་ཆེས་མཐོ་བའི་གྲོས་ཚོགས་དེ་ཧང་ཀྲོའུ་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ལྟེ་གནས་སུ་འཚོགས་པ་རེད།  རྒྱལ་ཁབ་ཀྲུའུ་ཞི་ཞི་ཅན་ཕིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཤིང་ཚོགས་འགོ་ཚུགས་པའི་ཤིས་ཚིག་ཕུལ།  ཞི་ཅིན་ཕིང་གིས་ནན་པོར་བསྟན་དོན།  དེང་སྐབས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པ་དེ་རྒྱལ་ཁབ་ཉི་ཤུའི་ཚོགས་པས་དུས་བསྟུན་མདུན་བསྐྱོད་དང་།  ཤེས་པ་དང་ཉམས་ལེན་གཅིག་གྱུར།  མཉམ་འཛུགས་མཉམ་སྤྱོད།  ཕྱར་བ་གྲུ་འདེགས་བཅས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་དར་རྒྱས་དང་བརྟན་བརླིང་ཡོང་བའི་བྱེད་ཕྱོགས་ཡག་པོ་ཁོང་དུ་ཆུད་དགོས་པ་དང་།འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་དང་།  རྒྱུན་མཐུད།  དོ་སྙོམས།  དཀྱེལ་ཡངས་བཅས་ཀྱི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་དགོས་པ་རེད།
གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གྱིས་དེང་སྐབས་སུ་ཁ་གཏད་འཇལ་དགོས་པའི་འགྲན་སློང་ལ་བཞེད་དགོངས་ལྔ་བཏོན་པ་སྟེ།
གཅིག་ནི་ང་ཚོས་སྤྱི་ཁོག་གི་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་བརྒྱབ་སྟེ་སྟོབས་ཤུགས་གཅིག་སྒྲིམ་གྱིས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་དགོས་ཤིང་།   དངུལ་རྩ་བརྟན་བརླིང་ཡོང་བ་སྲུང་སྐྱོང་བྱ་དགོས།
གཉིས་ནི་ང་ཚོས་འཕེལ་རྒྱས་གཏོང་སྟངས་གསར་སྐྲུན་བྱས་ཏེ་འཕར་སྣོན་ཡོང་བའི་སྒུལ་ཤུགས་སྔོག་འདོན་བྱ་དགོས།   སྲིད་ཇུས་ཀྱི་བསམ་ཕྱོགས་ལེགས་སྒྲིག་བྱས་ཏེ་དུས་ཡུན་ཐུང་ཐུང་གི་སྲིད་ཇུས་དང་དུས་ཡུན་འབྲིང་རིང་གི་སྲིད་ཇུས་ཚང་མ་གལ་ཆེན་དུ་བརྩི་དགོས་པ་དང་།  མཁོ་དགོས་ཕྱོགས་ལྷུང་གི་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་གྱི་དོ་དམ་དང་འདོན་སྤྲོད་ཕྱོགས་ལྷུང་གི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བཅས་གལ་ཆེན་དུ་བརྩི་དགོས།
གསུམ་ནི་ང་ཚོས་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་བྱེད་པ་འཐུས་ཚང་དུ་བཏང་སྟེ་ནང་རྐྱེན་གྱི་འགན་སྲུང་སྲ་བརྟན་གཏང་དགོས། རྒྱུན་ཆད་མེད་པར་རྒྱལ་སྤྱིའི་དངུལ་ལོའི་དངུལ་རྩ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩ་ལས་ཁུངས་ཀྱི་བཅོས་སྐྱོང་སྒྲིག་གཞི་བཟང་སྒྲུག་བྱེད་པ། འཛམ་གླིང་གི་དངུལ་རྩའི་ཉེན་མེད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།  འཛམ་གླིང་དཔལ་འབྱོར་གྱི་ཉེན་འགོག་ནུས་པ་མཐོ་རུ་གཏང་དགོས།
བཞི་ནི་ང་ཚོས་གསར་སྦོལ་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་ཡག་པོ་བྱས་ཏེ་མུ་མཐུད་དུ་ཉོ་འཚོང་གི་མ་དངུལ་གཏོང་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་ཡོང་བར་སྐུལ་འདེད་གཏང་དགོས།    སྲུང་སྐྱོང་བྱ་རྒྱུའི་བྱེད་ཐབས་གསར་པ་མི་འཛིན་པའི་ཁས་ལེན་པར་སྲུང་པ།    མ་དངུལ་གཏོང་འཇོག་གི་སྲིད་ཇུས་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ།     བྱ་སྤྱོད་ཏན་ཏིག་སྤྱད་དེ་ཉོ་འཚོང་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་དགོས།
ལྔ་ནི་ང་ཚོས2030ལོར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་དོན་འཁྱོལ་བྱས་ཏེ་དཀྱེལ་ཡངས་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།    ད་ལོར་ང་ཚོས་འཕེལ་རྒྱས་གཏང་རྒྱུའི་གནད་དོན་དེ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་གྲོས་རིམ་གྱི་འབུར་དུ་ཐོན་པའི་གནས་སུ་བཞག་ཡོད་ཅིང་།   ཐུན་མོང་དུ2030ལོའི་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་ཁས་བླངས་པར་མ་ཟད།   ད་རུང་བྱ་སྤྱོད་ཀྱི་འཆར་གཞི་གཏན་འབེབས་བྱས་ཡོད།    ང་ཚོས་ད་རུང་གླིང་ཆེན་ཨ་ཧྥེ་རི་ཁ་དང་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་མངོན་འགྱུར་ཡོང་བ་སོགས་ལ་རྒྱབ་སྐྱོར་བྱས་པར་བརྒྱུད་འཛམ་བུ་གླིང་འཕེལ་རྒྱས་གཏོང་རིམ་གྱི་འདྲ་སྙོམས་དང་དོ་སྙོམས་མིན་པ་དེ་ཉུང་དུ་བཏང་སྟེ།   རྒྱལ་ཁབ་ཁག་གི་མི་དམངས་ལ་ཐུན་མོང་དུ་འཛམ་གླིང་དཔལ་འབྱོར་འཕར་སྣོན་བྱུང་བའི་གྲུབ་འབྲེས་ལོངས་སུ་སྤྱོད་དུ་འཇུག་དགོས།
ཞི་ཅིན་ཕིང་གིས་ནན་པོར་བསྟན་དོན།    རྒྱལ་ཁབ་ཉི་ཤུའི་ཚོགས་པར་འཛམ་བུ་གླིང་གི་རྒྱལ་ཁབ་ཁག་གི་རེ་འདུན་བཅངས་ཡོད།ང་ཚོས་རྒྱལ་ཁབ་ཉི་ཤུའི་ཚོགས་པ་འཛུགས་སྐྲུན་ཡག་པོ་བྱེད་གང་ཐུབ་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་དར་རྒྱས་དང་བརྟན་བརླིང་ཡོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་ཡག་པོ་བྱ་དགོས།   གཅིག་ནི་དུས་བསྟུན་མདུན་སྐྱོད་བྱས་ཏེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།      འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མཁོ་དགོས་ལྟར།  རང་ཉིད་ཀྱི་འཕེལ་རྒྱས་གཏོང་ཕྱོགས་ལེགས་སྒྲིག་བྱས་ཏེ་སྔར་ལས་ལྷག་པར་ཉེན་ཁར་ཁ་གཏད་འཇལ་བ་ནས་དུས་ཡུན་རིང་པོར་བཅོས་སྐྱོང་བྱེད་པའི་ནང་རྐྱེན་དུ་བསྒྱུར་དགོས།    གཉིས་ནི་ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱས་ཏེ་བྱ་སྤྱོད་ནན་པོ་བྱ་དགོས།    ད་ལོར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་དང་།   ལྗང་མདོག་འཕེལ་རྒྱས་གཏོང་བ།   ཕན་ནུས་མཐོར་འདེགས།   རུལ་སུངས་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་གཏན་འབེབས་བྱས་པའི་བྱ་སྤྱོད་འཆར་གཞི་དོན་ཐོག་ཏུ་འཁྱོལ་ཐུབ་པར་བྱ་དགོས།    གསུམ་ནི་མཉམ་འཛུགས་མཉམ་སྤྱོད་བྱས་ཏེ་མཉམ་ལས་བྱ་རྒྱུའི་ལས་སྟེགས་བསྐྲུན་དགོས།     འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཁྱད་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རེ་འབོད་ལ་མཉན་ནས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ལས་ཀར་དེ་བས་དཀྱེལ་ཡངས་ཀྱི་རང་བཞིན་ལྡན་བཅུག་སྟེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་འདུན་ལ་དེ་བས་ལན་ཡག་པོ་འདེབས་དགོས།   བཞི་ནི་ཕྱར་བ་གྲུ་འདེབས་བྱས་ཏེ་སྤུན་ཟླའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་།   འཛམ་གླིང་དཔལ་འབྱོར་གྱི་ཉེན་ཁ་ཆེན་པོ་བསལ་ནས་འབྱུང་འགྱུར་གྱི་འཕར་སྣོན་ཡོང་བའི་འཕེལ་རིམ་གསར་པ་འབྱེད་དགོས།   ང་ཚོས་ཧང་ཀྲོའུ་རུ་འཚོགས་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་རྣམས་ཞུགས་པའི་རིམ་པ་ཆེས་མཐོ་བའི་གྲོས་ཚོགས་དེས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་།    རྒྱལ་སྤྱིའི་བར་གྱི་དཔལ་འབྱོར་མཉམ་ལས་བྱེད་པར་ཤུགས་བརྒྱག་པ།    རྒྱལ་ཁབ་ཉི་ཤུའི་ཚོགས་པ་འཕེལ་རྒྱས་འོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་འབེན་མངོན་དུ་འགྱུར་བའི་རེ་འདུན་བཅངས་ཡོད།།
  • ལེ་ཚན་སྔོན་མ།:ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐོག་མ་ཟླ་བ༩པའི་ཚེས༨ཉིན་ནས་གཏོང་འགོ་ཚུགས་རྒྱུ་རེད།
  • ལེ་ཚན་རྗེས་མ།:མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ་བ༩པར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཚོ་ལས་ཀར་ཞུགས་པར་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།