ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐོག་མ་ཟླ་བ༩པའི་ཚེས༨ཉིན་ནས་གཏོང་འགོ་ཚུགས་རྒྱུ་རེད།

    མི་དམངས་དྲ་བ་ནས་དྲངས།    2016-09-02

མི་དམངས་དྲ་བའི་འཕྲིན། ཟི་ལིང་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “རྒྱུད་གཅིག་ལམ་གཅིག”བརྒྱུད་ཡུལ་རྒྱལ་ཁབ་ཀྱིས་མཉམ་ལས་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གོམ་སྟབས་སྔར་བས་མགྱོགས་སུ་གཏོང་ཆེད།  ཚོང་དོན་དང་། འགག་སྒོ བརྟག་དཔྱད་དང་ནད་ཡམས་ཞིབ་བཤེར།  ཀྲུང་གོ་ལྕགས་ལམ་དོས་སྒམ་སྤྱི་གཉེར་ཁང་སོགས་སྡེ་ཚན་གྱིས་གྲ་སྒྲིག་ཧུར་ཐག་བྱས་པ་བརྒྱུད།  ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐོག་མ་ཟླ་བ9པའི་ཚེས8ཉིན་དངོས་སུ་མཚོ་སྔོན་ནས་གཏོང་འགོ་ཚུགས་ཏེ་བོད་རུམ་དང་སྐྱེ་ལྡན་འདྲེ་ཚེར་མ་བླུགས་པའི་དོས་སྒམ50ཙམ་ཉིན12བརྒྱུད་ཡོ་རོབ་ཀྱི་ཁྲོམ་རར་འདོན་རྒྱུ་རེད།  ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གོམ་སྟབས་སྔར་བས་མགྱོགས་སུ་ཕྱིན་པ་མཚོན་གྱི་ཡོད།
ཞིང་ཆེན་ཚོང་དོན་ཐིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དུས་གཏན་མེ་འཁོར་ནང་དོས་སྒམ50ཙམ་བླུགས་པ་ཚང་མ་འགག་སྒོ་དང་། ཚོང་ཟོག་ཞིབ་བཤེར། ཁྲལ་དོན། ཚོང་དོན། ཀྲུང་གོ་ལྕགས་ལམ་དོས་སྒམ་སྤྱི་གཉེར་ཁང་། ཧི་མ་ལ་ཡ་སྤྱི་གཉེར་ཁང་སོགས་ཚན་པ9ཡིས་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་དང་།  དོས་སྒམ་ནང་གཙོ་བོ་མཚོ་སྔོན་གྱི་ཁྱད་ལྡན་བོད་རུམ་དང་སྐྱེ་ལྡན་འདྲེ་ཚེར་མ་བླུགས་ཡོད། མཚོ་སྔོན་གྱིས་གནས་དེའི་ཕུན་སུམ་ཚོགས་པའི་བ་ཕྱུགས་དང་བལ་གྱི་ཐོན་ཁུངས་ལ་བརྟེན་ནས་འཛམ་གླིང་བལ་གྱི་ས་གདན་བཟོ་སྐྲུན་ལྟེ་གནས་དང་རྒྱལ་སྤྱིའི་བོད་རུམ་ཐོན་སྐྱེད་བསྡུ་འགྲེམས་ལྟེ་གནས་བཙུགས་པས་མཚོ་སྔོན་འདི་ཉིད་ཀྲུང་གོའི་བོད་རུམ་ཐོན་སྐྱེད་དང་ཕྱིར་གཏོང་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་གྱི་ཚྭ་འདམ་གཤོངས་ས་ཀྲུང་གོའི་སྐྱེ་ལྡན་འདྲེ་ཚེར་མ་ཐོན་སྐྱེད་དང་ཕྱིར་གཏོང་རྟེན་གཞི་གལ་ཆེན་དུ་གྱུར་ཡོད།། 

  • ལེ་ཚན་སྔོན་མ།:ཉིས་སྟོང་བཅུ་དྲུག་ལོའི་དབྱར་ཁའི་ཨོ་ཕེ་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ལིས་ཡོ་མ་ལ་ཁ་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་རྣམས་ཞུགས་པའི་རམ་པ་ཆེས་མཐོ་བའི་གྲོས་ཚོགས་ཧང་ཀྲོའུ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།