ཞི་བདེ་ཉི་མའི་དངོས་བཤུས་གློག་བརྙན་གསར་བ《ཚེ་གཟུངས་ལྷ་མོ》ཀྲུང་དབྱང་མི་རིགས་སློབ་ཆེན་དུ་གཟིགས་འབུལ་ལེགས་འགྲུབ་བྱུང་།

    སྐལ་བཟང་རྣམ་རྒྱལ།    2016-05-20

སྤྱི་ཟླ5བའི་ཚེས16ཉིན་གྱི་དགོང་མོ། ཞི་བདེ་ཉི་མའི་དངོས་བཤུས་གློག་བརྙན་གསར་བ《ཚེ་གཟུངས་ལྷ་མོ》ཀྲུང་དབྱང་མི་རིགས་སློབ་ཆེན་དུ་གཟིགས་འབུལ་ལེགས་འགྲུབ་བྱུང་། གཟིགས་འབུལ་ཡུལ་དངོས་སུ་བོད་རིགས་པའི་ཆེད་མཁས་པ་དང་སློབ་གསོ་བ་གྲགས་ཅན་རྒན་ཚེ་རིང་ཐར་དང་།  འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན། བརྩམས་སྒྲུང་པ་གྲགས་ཅན་བཀྲ་བྷ། གཞས་པ་གྲགས་ཅན་གདུགས་དཀར་ཡག  བརྙན་ལེན་པ་གྲགས་ཅན་བང་ཞི་ཧྥུན་སོགས་ཞུགས་ཤིང་བགྲོ་གླེང་ཡང་རིན་ཐང་ཅན་གནང་བ་དང་ཆབས་ཅིག སློབ་གྲྭ་ཕྱི་ནང་གི་དགེ་སློབ་མང་པོའི་དགའ་བསུ་མི་དམན་པ་ཐོབ།
  • ལེ་ཚན་སྔོན་མ།:ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་སྒྲུབ་པའི་རྒྱུད་གཅིག་ལམ་གཅིག་གི་མཐོ་རིམ་གླེང་སྟེགས་གྲོས་ཚོགས་ཞང་ཀང་འགྲེམ་སྟོན་ལྟེ་གནས་ནས་ཚོགས།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་སྤྱིའི་འདུར་རྒྱུག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས།
  • དོ་སྣང་ཆེ་བའི་རྩོམ།