ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་སྒྲུབ་པའི་རྒྱུད་གཅིག་ལམ་གཅིག་གི་མཐོ་རིམ་གླེང་སྟེགས་གྲོས་ཚོགས་ཞང་ཀང་འགྲེམ་སྟོན་ལྟེ་གནས་ནས་ཚོགས།

བཀྲ་ཤིས་འབུམ།    ཞིན་ཧྭ་གསར་འགྱུར་དྲ་བ།    2016-05-20

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་སྒྲུབ་པའི་རྒྱུད་གཅིག་ལམ་གཅིག་གི་མཐོ་རིམ་གླེང་སྟེགས་གྲོས་ཚོགས་ཞང་ཀང་འགྲེམ་སྟོན་ལྟེ་གནས་ནས་ཚོགས།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་སྒྲུབ་པའི་རྒྱུད་གཅིག་ལམ་གཅིག་གི་མཐོ་རིམ་གླེང་སྟེགས་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཞང་ཀང་འགྲེམ་སྟོན་ལྟེ་གནས་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གླེང་སྟེགས་ལ་ཞུགས་པར་མ་ཟད། ཁ་ཡིག་ལ་ཞང་ཀང་གི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་རྒྱུད་གཅིག་ལམ་གཅིག་ཐད་ལ་མཛེས་པའི་མ་འོངས་བ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་།

ཀྲང་ཏི་ཅང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་གླེང་སྟེགས་ཚོགས་པར་ལྷག་བསམ་རྣམ་དག་སྒོས་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཞང་ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ཡིན་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ས་གནས་གལ་ཆེན་ཞིག་ཀྱང་ཡིན། ཞང་ཀང་ལ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་དུ་ས་གནས་ཀྱི་ཁྱད་སྟོབས་དང་སྒོ་འབྱེད་མཉམ་ལས་ཀྱི་ཐོག་མའི་འཕེལ་རྒྱས་ཁྱད་སྟོབས། ཞབས་ཕྱི་ལས་རིགས་ཆེད་ལས་ཅན་ཏུ་བསྒྱུར་བའི་ཁྱད་སྟོབས་སོགས་ལྡན་པས་ནུས་པ་གལ་ཆེན་འདོན་ཐུབ། ཞང་ཀང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གོ་སྐབས་སུ་བཟུང་སྟེ་རང་སྟེང་འཕེལ་རྒྱས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཟུང་འབྲེལ་བྱས་ནས། ཞང་ཀང་གི་ཁྱད་སྟོབས་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར། 

  • ལེ་ཚན་སྔོན་མ།:ཨོ་བྷ་མས་ས་ག་ཟླ་བའི་དུས་ཆེན་སྐབས་ནང་པ་ཡོངས་ལ་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:ཞི་བདེ་ཉི་མའི་དངོས་བཤུས་གློག་བརྙན་གསར་བ《ཚེ་གཟུངས་ལྷ་མོ》ཀྲུང་དབྱང་མི་རིགས་སློབ་ཆེན་དུ་གཟིགས་འབུལ་ལེགས་འགྲུབ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།