ཨུ་རུ་སི་དང་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་གཙོ་བོས་རྡོ་སྣུམ་ཕྱིར་གཏོང་ལ་མཐུན་སྦྱོར་བྱེད་པར་གྲོས་བསྡུར་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-01-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་གཞོན་པ་ཐི་ལུའུ་ཐི་ནེ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་སྲིད་གཞུང་གི་གྲོས་ཚོགས་སྟེང་བཤད་རྒྱུར།ཨུ་རུ་སིའི་དཔོན་རིགས་ཀྱིས་ད་ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཏཱ་བོ་སིའི་ལོ་ཚོགས་སྐབས་སུ་འཛམ་གླིང་གི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་གཙོ་བོ་དང་མཉམ་དུ་རྡོ་སྣུམ་ཕྱིར་གཏོང་ལ་མཐུན་སྦྱོར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།ཁོས་བཤད་རྒྱུར།གྲོས་ཚོགས་ལ་ཞུགས་པའི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་ཀྱི་སྲིད་གཞུང་དཔོན་རིགས་དང་ཀུང་ཟིའི་འཐུས་མིས་རྡོ་སྣུམ་རིན་གོང་ཇེ་དམའ་རུ་སོང་བ་ལས་རྡོ་སྣུམ་གྱི་སྔོག་འདོན་དངུལ་གཏོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས།མཐུན་སྦྱོར་འགུལ་སྐྱོད་སྤེལ་ཏེ་རྡོ་སྣུམ་རིན་གོང་ལ་ཚོད་འཛིན་བྱེད་དགོས་པའི་བསམ་བློ་བཅངས་ཡོད་ཟེར། །
  • ལེ་ཚན་སྔོན་མ།:རང་ཁུལ་གསར་འགྱུར་སྨྱན་སྦྱོར་ཁག་ཁྲིམས་ཁང་དུ་བྱེད་སྒོ་སྤེལ་བར་ཕྱིན།
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་མ་ལེས་ད་ལོར་གྲོས་ཁང་གཉིས་ཀྱི་ལམ་ལུགས་ཀྱི་མཉམ་འབྲེལ་གྲོས་ཁང་འཛུགས་པར་དགའ་བསུ་ཞུས།
  • དོ་སྣང་ཆེ་བའི་རྩོམ།