རང་ཁུལ་གསར་འགྱུར་སྨྱན་སྦྱོར་ཁག་ཁྲིམས་ཁང་དུ་བྱེད་སྒོ་སྤེལ་བར་ཕྱིན།

སྐལ་བཟང་དོན་འགྲུབ་ཀྱིས་བསྒྱུར།        2015-12-29

ཉེ་ཆར། ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡིས་རང་ཁུལ་གྱི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་སྟེ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དང་དཀར་མཛེས་བརྙན་འཕྲིན་ཁང་། སི་ཁྲོན་དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་གི་དཀར་མཛེས་ཁུལ་དུ་བསྡད་པའི་གསར་འགོད་པའི་ས་ཚུགས་དང་། སི་ཁྲོན་གསར་འགྱུར་དྲ་བའི་དཀར་མཛེས་ཁུལ་བསྡད་པའི་གསར་འགོད་པའི་ས་ཚུགས་བཅས་ཀྱི་འགན་འཁུར་མི་སྣ་སྣེ་ཁྲིད་བྱས་ཏེ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཞུགས་ནས་གསར་འགྱུར་སྨྱན་སྦྱོར་ཁྲིམས་ཁང་དུ་སྐྱོད་ཅེས་པའི་བྱ་འགུལ་སྤེལ་བ་རེད། གསར་འགོད་པས་ཉེ་ས་ནས་ཁྲིམས་ཁང་གི་ལས་ཀར་རྒྱུས་ལོན་བྱས་ཤིང་ཁྲིམས་ཁང་གི་འགོ་ཁྲིད་ཚོགས་པ་དང་མཉམ་དུ་ཁྲིམས་འཛིན་དྲིལ་བསྒྲགས་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། གསར་འགྱུར་སྨྱན་སྦྱོར་གྱི་འགན་ཁུར་མི་སྣས་འགྲེལ་བཤད་བྱེད་མཁན་དང་མཉམ་དུ་ཁུལ་ཁྲིམས་ཁང་གི་འདྲི་གཅོད་ཐིང་དང་བར་འདུམ་ཁང་། མཚན་སྙན་ཁང་སོགས་ཀྱི་གཞུང་ལས་ཁང་དག་དང་བྱ་འགུལ་སྤེལ་ཡུལ་ལ་ལྟ་སྐོར་བྱས་ཤིང་། 《མི་དམངས་ཁྲིམས་ཁང་གི་ལྔ་སྤེལ་བྱ་འགུལ་གྱི་དངོས་མཚོན་གློག་བརྙན》དང《ཤང་གྲོང་གི་ཡ་མཚན་ཅན་གྱི་གནས་ཚུལ》བཅས་ཁྲིམས་ཁང་གི་ལས་ཀའི་དངོས་མཚོན་གློག་བརྙན་ལ་བལྟས་པར་མ་ཟད། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མང་ཚོགས་ཕྲན་འཕྲིན་ལས་སྟེགས་ལ་དངོས་སུ་ཉམས་ལེན་བྱས་པར་བརྒྱུད་ནས་ཚང་མར་ཁྲིམས་ཁང་གི་ལས་ཀར་ངོས་འཛིན་དང་ཆ་རྒྱུས་རགས་ཙམ་ལོན་བཅུག་པ་རེད།
ཁུལ་ཁྲིམས་ཁང་གི་འགན་འཁུར་བས་བཞུགས་མོལ་ཚོགས་འདུའི་ཐོག་ཏུ་ཁུལ་ཡོངས་ཀྱི་རིམ་པ་གཉིས་པའི་ཁྲིམས་ཁང་གི་གནས་ཚུལ་མདོར་བསྡུས་དང2015ལོའི་ལས་ཀའི་གྲུབ་འབྲས་གཙོ་བོ་དང་ཁྱད་ཆོས་ངོ་སྤྲོད་བྱས་པ་རེད།
བྱ་འགུལ་ལ་ཞུགས་པའི་གསར་འགྱུར་སྨྱན་སྦྱོར་གྱི་འགན་འཁུར་བས་གསར་འགྱུར་དྲིལ་བསྒྲགས་ལས་ཀར་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།།  
  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ཨུ་རུ་སི་དང་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་གཙོ་བོས་རྡོ་སྣུམ་ཕྱིར་གཏོང་ལ་མཐུན་སྦྱོར་བྱེད་པར་གྲོས་བསྡུར་བྱས།
  • དོ་སྣང་ཆེ་བའི་རྩོམ།