ཨ་མེ་རི་ཁའི་སྙན་ཞུ་ལས་ཉིས་སྟོང་བཅོ་ལྔ་ལོ་ནི་ལོ་རྒྱུས་སྟེང་ཆེས་དྲོ་བའི་ལོ་ཞིག་ཡིན་པར་བཤད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-01-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་དོ་དམ་ཅུའུ་དང་ཨ་མེ་རི་ཁའི་མཁའ་འགྲུལ་ཅུའུ་ཡིས་ཚེས་ཉི་ཤུའི་ཉིན་རང་རང་ས་ནས་སྙན་ཞུ་སྤེལ་ཏེ། ཉིས་སྟོང་བཅོ་ལྔ་ལོ་ནི་དེང་རབས་ལོ་རྒྱུས་སྟེང་ཆེས་དྲོ་བའི་ལོ་ཞིག་ཡིན་པ་དང་། དེ་ཡང་དུས་རབས་འདིའི་འཛམ་གླིང་ཡོངས་ཆེས་དྲོ་ལོའི་ཟིན་ཐོ་ཐེངས་བཞི་བར་གསར་བསྒྱུར་བྱས་པ་རེད། དེ་ལས་མིའི་རིགས་ཀྱིས་དྲོད་རླངས་ཕྱིར་བཏང་བ་ལས་འཛམ་གླིང་ཡོངས་ཀྱི་ནམ་ཟླ་མུ་མཐུད་དུ་ཇེ་དྲོད་འགྲོ་བའི་ཡུན་རིང་གནས་བབ་མངོན་ཡོད། ནམ་ཟླའི་ཆེད་མཁས་པས་བལྟས་ན། ཉིས་སྟོང་བཅོ་ལྔ་ལོའི་དྲོད་ཚད་མཐོ་བ་དེ་ཨིག་ཨར་ནེ་ནོའུ་འགྱུར་ནུས་དྲག་པོ་དང་འབྲེལ་ངེས་ཅན་ཡོད་པར་འདོད།
 
  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་མ་ལེས་ད་ལོར་གྲོས་ཁང་གཉིས་ཀྱི་ལམ་ལུགས་ཀྱི་མཉམ་འབྲེལ་གྲོས་ཁང་འཛུགས་པར་དགའ་བསུ་ཞུས།
  • ལེ་ཚན་རྗེས་མ།:ཨ་ཧྥའུ་ཧན་གྱི་རྒྱལ་ས་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།